འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅༎བོད་ཀྱིས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གི་ཡུལ་དམག་སྐོར་སྲུང་ཡན་ལག་རུ་ཁག་ཐོག་མ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ཀྱི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གི་ཡུལ་དམག་སྐོར་སྲུང་ཡན་ལག་རུ་ཁག་ཐོག་མ་དེ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་བཙུགས་པ་དང་། རུ་མི་30ལྷག་ཙམ་གྱིས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་གྱི་ལྟ་སྲུང་ལས་དོན་ཁག་ལ་ཡུག་ཁུལ་དབྱེ་བ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཁུག་ཆ་མེད་པ་བཅས་ཀྱི་སྒོ་ནས་ལྟ་སྲུང་བྱེད་རྒྱུ་ཡིན་པ་རེད།
     ལོ་ལྟར་ཟླ་10པའི་ཟླ་དཀྱིལ་ནས་བཟུང་། ཁྲུང་ཁྲུང་སྐེ་ནག་འབོར་ཆེན་ལྷུན་གྲུབ་རྫོང་དུ་དགུན་སྒྲོལ་ལ་ཡོང་གི་ཡོད་པ་དང་། 1993ལོར་ལྷུན་གྲུབ་རྫོང་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་དངོས་སུ་བཙུཌ་པ་དང་། 2003ལོར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་གྱུར་པ་རེད། ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་གི་ཡུལ་དམག་སྐོར་སྲུང་ཡན་ལག་རུ་ཁག་བཙུགས་རྗེས། རུ་ཁག་དེ་ལྷ་ས་གྲོང་ཁྱེར་གྱི་སྣོད་བཅུད་སྲུང་སྐྱོང་གཞི་གཅིག་ཏུ་འདུས་པའི་ཡུལ་དམག་འཕྲལ་སྡོམ་སྟོབས་ཤུགས་ཤིག་ཏུ་གཏོད་རྒྱུ་ཡིན་པ་རེད།