འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་1ཉིན།

༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས། ཚུལ་མཐུན་འགོག་སྲུང་གི་འཛིན་བཟུང་དང་ཞུ་གཏུག་མི་
བྱེད་པའི་དཔེ་མཚོན་གྱོད་དཔེ་6ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་01ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཚུལ་མཐུན་འགོག་སྲུང་གི་འཛིན་བཟུང་དང་ཞུ་གཏུག་མི་བྱེད་པའི་དཔེ་མཚོན་གྱོད་དཔེ་6ཁྱབ་བསྒྲགས་བྱས་ནས། ལུགས་མཐུན་འགོག་སྲུང་ལམ་ལུགས་ཀྱི་བཅའ་ཁྲིམས་སྤྱད་འཐུས་སྔར་བས་ཁ་གསལ་བཟོ་བ་དང་། ཁྲིམས་འཛིན་གྱི་ཚད་གཞི་གཅིག་གྱུར་བཟོ་བ། འདི་ལོའི་ཟླ་9པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་ཁྱབ་བསྒྲགས་བྱས་པའི《ལུགས་མཐུན་འགོག་སྲུང་ལམ་ལུགས་ཁྲིམས་ལྟར་སྤྱོད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁོང་དུ་གནད་འཁེལ་ཆུད་པ་བཅས་བྱས་ནས། ཁྲིམས་འཛིན་ནན་པོ་དང་དྲང་གཞག་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་ཆེད་མཛུབ་ཁྲིད་ནུས་ལྡན་བྱས་ཡོད་པ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཁྱབ་བསྒྲགས་བྱས་པའི་དཔེ་མཚོན་གྱོད་དཔེ་ཐོན་རྐྱེན་མང་བ་སྟེ། རྐང་བཙུགས་ནས་གནོད་འཚེ་གཏོང་བ་དང་། བཙན་གཡེམ་བྱེད་པ། ཁྲིམས་འགལ་གྱིས་སྡོད་ཁང་ནང་འཛུལ་བ་སོགས་དང་འབྲེལ་བ་ཡོད་པ་མ་ཟད། འགྲོ་ལམ་འཁོར་རིགས་ཀྱི་རྩོད་གཞི་དང་། དྲག་ཤུགས་ཀྱིས་བཤིག་སྤོ་བྱེད་པ། བརྒྱུད་ཚོང་སོགས་ཐོན་མང་བའམ་ཡང་ན་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནས་ཚུལ་དང་འབྲེལ་བ་ཡོད་པ་རེད།