འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་25ཉིན།

༄༅༎ཡུན་ནན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་ཁུལ་གྱི་ཐེམ་ཐོ་སྒྱུར་བའི་སྲིད་ཇུས་ལྷུག་ཏུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་25ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཨུད་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ངལ་རྩོལ་ནུས་ཤུཌ་དང་ཤེས་ལྡན་པའི་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་ལ《བསམ་འཆར》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་དང་། 《བསམ་འཆར》གྱི་དམིགས་ཡུལ་ནི་ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་པའི་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་སྔར་བས་བསལ་ནས། ཡུན་ནན་ཞིང་ཆེན་གྱི་ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་པའི་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
     《བསམ་འཆར》ནང་བཏོན་དོན། ཐེམ་ཐོའི་ལམ་ལུགས་དང་སྤྱི་པའི་ཞབས་ཞུར་བརྟེན་ནས་ས་ཁོངས་བརྒལ་བའི་འཁོར་རྒྱུག་ལ་ཁྲིད་སྟོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་། གྲོང་ཁུལ་གྱི་ཐེམ་ཐོ་སྒྱུར་བའི་སྲིད་ཇུས་ཕྱོགས་ཡོངས་ནས་ལྷུག་ཏུ་གཏོང་བ་དང་། ཞིང་ཆེན་ཡོངས་སུ་གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་རྡལ་ས་ཁུལ་གྱི་ཐེམ་ཐོ་སྒྱུར་བའི་སྲིད་ཇུས་ལག་བསྟར་བྱེད་པ། བཀོལ་སྤྱོད་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་བཟོ་བ་བཅས་བྱས་ནས་ཞིང་ལས་སྤོ་སྒྱུར་མི་འབོར་གྱི་གཙོ་གནད་ཚོགས་སྤྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་པར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོ་བཏང་སྟེ། རྒྱུན་སྡོད་མི་འབོར་ལ་ཐེམ་ཐོའི་མི་འབོར་དང་འདྲ་བར་སློབ་གསོ་དང་། ལས་ཞུགས་ལས་གཏོད། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་འགན་ལེན་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས་པ། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཀྲོའུ་དང་གྲོང་ཁྱེར་16གི་དྲ་སྦྲེལ་ནས་ཐད་ཀར་མཇུག་རྩིས་རྒྱག་པར་སྤུས་ཚད་མཐོ་བའི་འགན་ལེན་ཞབས་ཞུ་མཁོ་འདོན་བྱེད་དགོས་པ། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་ཁྱེར་གྱི་གྲོང་མིར་འགྱུར་བར་རྒྱབ་སྐྱོར་བྱེད་པའི་ནོར་སྲིད་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་མང་དུ་གཏོང་བའི་གཞི་ཁྱོན་དེ་ཞིང་ལས་སྤོ་སྒྱུར་མི་འབོར་གཞིས་ཆགས་གྲངས་ཚད་དང་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་སྔོན་རྩིས་ནང་གི་མ་དངུལ་བཀོད་སྒྲིག་དེ་ཞིང་ལས་སྤོ་སྒྱུར་མི་འབོར་གྱི་གཞིས་ཆགས་གྲངས་ཚད་ཅུང་མང་བའི་གྲོང་ཁྱེར་དང་གྲོང་རྡལ་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས།