འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎དཀར་མཛེས་ཀྱིས་གངས་དཀར་རི་རྒྱུད་ཀྱི་བོད་ཀྱི་ཀོ་ཤའི་ཐོན་ལས་ཁུལ་གཏོད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་22ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་དཔལ་འབྱོར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ཚོད་འདེབས་བྱས་པ་བརྒྱུད་འདི་ལོ་ཚོད་ལྟའི་རྟེན་གཞི་ནས་བོད་ཀྱི་ཀོ་ཤའི་སྐྱེ་འཕེལ་ཕྲ་ཕུང་རྒྱ་མ་200དང་བོད་ཀྱི་ཀོ་ཤ་རྒྱ་མ་400བསྡུ་རྒྱུ་བྱུང་ཡོད། བོད་ཀྱི་ཀོ་ཤ་ཐོན་པའི་དུས་ཡུན་ལོ་2ནས་3བར་ཡིན་པས་གཡོག་བྱེད་ཡག་པོ་བྱུང་ཚེ་མུའུ་རེ་ནས་ཐུམ་ཕྱེ་རྒྱ་མ་400དང་ཀོ་ཤ་རྒྱ་མ་800བསྡུ་ཐུབ་ཀྱི་ཡོད། མུའུ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་16ཟིན་པ་དང་སྐྱེ་འཕེལ་ཕྲ་ཕུང་གི་པགས་པ་བཤུས་རྗེས་མུའུ་རེའི་ཐོན་རྫས་རིན་ཐང་དེ་བས་མཐོ་བ་ཡོད་པ་རེད” དཀར་མཛེས་ཀྲོའུ་ཞིང་ལས་ཚན་རིག་ཁང་བཟའ་བཅའི་ཤ་མོ་ཞིབ་འཇུག་ཚོགས་ཆུང་གི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཁྲེན་ཧང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“མིག་སྔར་ཀོ་ཤ་འདེབས་པའི་ཞིང་དུད་ཀྱི་ཧུར་སེམས་ཆེ་རུ་ཕྱིན་ཡོད་པས་ཞིབ་འཇུག་ཚོགས་ཆུང་གིས་འདི་ལོ་དར་མདོ་དང་། ལྕགས་ཟམ། དུང་དཀར་རོང་ཤུར་བཅས་སུ་ཞིང་དུད་ཀྱི་སྣེ་ཁྲིད་དེ་མུའུ་5ཚོད་འདེབས་བྱས་པར་ཡོང་འབབ་སྒོར་ཁྲི་80ཡོང་རེ་ཡོད”ཅེས་བཤད།
     ཉེ་བའི་ལོ་ཤས་ནང་མི་རྣམས་ཀྱི་བདེ་ཐང་གི་འདུ་ཤེས་ཟབ་ཏུ་འགྲོ་བ་དང་བསྟུན་ནས་བོད་ཀྱི་ཀོ་ཤའི་ཐོན་རྫས་ཀྱི་ཁྲོམ་རའི་རིན་ཐང་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད་པས་ཀོ་ཤ་འཐུ་ཤུགས་ཀྱང་ཆེ་རུ་ཕྱིན་པ་དང་རི་སྐྱེས་ཐོན་ཁུངས་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།
     བརྟག་དཔྱད་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་བོད་ཀྱི་རི་སྐྱེས་ཀོ་ཤ་ལོར་འཐུ་ཚད་སྤྱི་རྒྱ་5000ཡང་མི་ཟིན་པའི་ཁྲོད་བོད་དུ་ལོར་འཐུ་ཚད་སྤྱི་རྒྱ་3000ཙམ་ཟིན་པ་དང་སི་ཁྲོན་དུ་ལོར་འཐུ་ཚད་སྤྱི་རྒྱ་2000ཙམ་ཟིན་གྱི་ཡོད། ཐོན་ཡུལ་གཙོ་བོ་དཀར་མཛེས་ཀྱི་དར་མདོ་དང་། ལྕགས་ཟམ། དུང་དཀར་རོང་ཤུར་བཅས་དང་རྔ་པའི་བཙན་ལྷ་དང་གཟི་ཚ་སྡེ་དགུ་སོགས་ཡིན་པ་རེད།
     བོད་ཀྱི་ཀོ་ཤའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་དང་། ས་མཐོའི་ཁྱད་ལྡན་བོད་ཀྱི་ཀོ་ཤའི་ཐོན་ལས་སྐྱེད་སྲིང་བྱེད་པ། དབུལ་སྒྲོལ་འབབ་འཕར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རོགས་བཅས་བྱ་ཆེད། 2015ལོ་ནས་བཟུང་བོད་ཀྱི་ཀོ་ཤ་ཐོན་ཁུལ་གྱི་ཚན་ཞིབ་ཁང་དང་སུའོ་ཚང་མས་མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་ཀོ་ཤ་ཐོན་ལས་ཅན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད།
     2016ལོར་དཀར་མཛེས་ཀྲོའུ་ཞིང་ལས་ཚན་རིག་སུའོ་ཡིས“ཁང་དང་ཀྲོའུ”ཡི་ཞིང་ལས་ཚན་རྩལ་མཉམ་ལས་རྣམ་གྲངས་བརྒྱུད་སི་ཁྲོན་གྱི་བོད་ཀྱི་ཀོ་ཤའི་སྣ་ཁ་གསར་པ་ཐོག་མ་སྟེ། དར་མདོའི་ཀོ་ཤ་འདེམས་གསོ་བྱས་ཡོད་པ་རེད།