འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎རྔ་པའི་ཁྱུང་མཆུ་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་གྱིས“དམངས་དོན་ཁྲིམས་གཞུང་གི་ཁྲིམས་སྐྱོང་བར་ཁྱམས་རིང་མོ”བཏོད་ནས་
གཞི་རིམ་གྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་ཞི་མཐུན་འཕེལ་རྒྱས་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་21ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྔ་པའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། “ཁྲིམས་ལུགས་ཤེས་བྱ་འདི་ཚོ་ཧ་ཅང་ཡག་པོ་འདུག ཚིག་བསྡུས་ལ་ནང་དོན་གོ་བདེ་བའི་ཁར་ད་དུང་རི་མོ་དང་ཡི་གེ་མཉམ་དུ་བཀོད་དེ། དཔེ་གསར་བཟོས་པས་མི་རྣམས་ཀྱིས་མཐོང་བ་ཙམ་གྱིས་ངེས་བདེ་པོ་འདུག” ཉེ་ཆར་ཡུལ་མི་མང་པོ་ཞིག་ཁྱུང་མཆུ་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་སྲིད་གཞུང་གི་ཕྱིར་བཙུགས་པའི“ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བར་ཁྱམས་རིང་མོར”ལྟ་མཁན་མང་པོ་ཡོད།
     བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཀྱི་འཐབ་སའི་ནུས་པ་མཐོ་རུ་བཏང་ནས་མང་ཚོགས་ལ《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་ལ་སྟབས་བདེ་བསྐྲུན་པ་དང་། ཁོངས་གཏོགས་ཁུལ་གྱི་ཡུལ་མིར་བཅའ་ཁྲིམས་ཀྱི་ཤེས་བྱ་སྔར་བས་བརྒྱུད་སྤེལ་བྱས་ཏེ་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། ལྷ་རྒྱལ་གླིང་གྲོང་རྡལ་གྱིས《དམངས་དོན་ཁྲིམས་གཞུང》གི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བར་ཁྱམས་རིང་མོ་བཟོས་པ་དེས་ལྷ་རྒྱལ་གླིང་གྲོང་རྡལ་ལ་ཉམས་དགའ་བའི་ཡུལ་ལྗོངས་གསར་པ་ཞིག་བསྣན།
     ད་རེས《དམངས་དོན་ཁྲིམས་གཞུང》གི“ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་བར་ཁྱམས་རིང་མོ”གསར་དུ་བཟོས་པ་དེས་རྒྱ་ཆེའི་མང་ཚོགས་ཀྱིས《དམངས་དོན་ཁྲིམས་གཞུང》འདི་ཉིད་མི་སེར་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི“སྤྱི་ཚོགས་ཀྱི་འཚོ་བའི་ཤེས་བྱ་ཀུན་བཏུས”ཤིག་ཡིན་པའི་ངོས་འཛིན་ཐུབ་པ་མ་ཟད། རྒྱུན་གཏན་གྱི་འཚོ་བའི་ཁྲོད་རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་ལུགས་སྦྱངས་ནས་ཁྲིམས་ཤེས་པ་དང་། བྱང་ཆུབ་པ། སྲུང་བ་བཅས་བྱས་པས་རང་ངོས་ཀྱི་བཅའ་ཁྲིམས་ཤེས་བྱའི་བྱང་ཚད་མཐོ་རུ་ཕྱིན་ནས་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོང་ཐུབ་ཡོད།