འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་་ལུས་རྩལ་རྣམ་གྲངས་སློབ་གྲྭའི་ནང་དུ་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་་ལུས་རྩལ་རྣམ་གྲངས་སློབ་གྲྭའི་ནང་དུ་བསྐྱོད་པ།
   མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་17ཉིན། 2020ལོར་བོད་རང་སྐྱོང་ལྗོངས་ཀྱི་“ལུས་རྩལ་རྣམ་གྲངས་སློབ་གྲྭའི་ནང་དུ་བསྐྱོད”ཞེས་པའི་བྱེད་སྒོའི་ཁོངས་ཀྱི་བྱིས་པའི་རྐང་འདྲེད་འཁོར་ལོའི་རྣམ་གྲངས་ལྷ་ས་གྲོང་ཁྱེར་ཚོད་ལྟ་བྱིས་པ་ཁང་དུ་སྤེལ་ཞིང་། ཡུལ་དངོས་སུ་བྱིས་པ་ཁང་གི་བྱིས་པ་ཚོས་རྩལ་སློབ་དགེ་རྒན་གྱི་མཛུབ་ཁྲིད་འོག་རྐང་འདྲེད་འཁོར་ལོ་སྦྱོང་བཞིན་འདུག
   ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ལུས་རྩལ་མང་སྐྲུན་བར་སྟོང་དང་། བོད་ལྗོངས་ཀླུ་སྡེ་ཁང་བོད་ཀྱི་ལུས་རྩལ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རོགས་གཉེར་བྱེད་པ་རེད། དེའི་དམིགས་ཡུལ་ནི་བྱིས་པ་སྔ་བས་མང་པོ་ལུས་རྩལ་བྱེད་སྒོར་ཞུགས་ནས། རང་ཉིད་ཀྱི་གཟུགས་པོའི་ཐང་ཚད་ཇེ་མཐོར་གཏོང་བ་དང་། དེའི་ཁྲོད་དགའ་སྐྱིད་རོལ་ཕྱིར་དེ་རེད།
   བྱེད་སྒོ་སྤེལ་ཡུལ་དངོས་སུ་རྩལ་སློབ་དགེ་རྒན་ཚོས་རྐང་འཁོར་གྱི་ཐབས་རྩལ་དང་ཁྲོམ་འཛེགས་འཁྲབ་སྟོན་བྱེད་པ་དང་འབྲེལ་བྱིས་པ་ཁང་གི་བྱིས་པ་ཚོར་རྐང་འདྲེད་འཁོར་ལོའི་དངོས་སྦྱོང་བྱེད་པར་སློབ་པ་སྟེ།གྲ་སྒྲིག་དང་འཁོར་ལོར་སྡོད་པ།འདྲེད་འགོ་ཚུགས་པ། འཁོར་བཀག་དང་ཁ་ཕྱོགས་བསྒྱུར་བ་སོགས་འགུལ་སྟངས་རེ་རེར་ཆེད་ལས་ཀྱིས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། སློབ་ཚན་དངོས་སྦྱོང་ལ་དམའ་རིམ་དང་འབྲིང་རིམ་མཐོ་རིམ་རིམ་པ་གསུམ་ཡོད་ཅིང་། དཀའ་ཚད་ནི་རིམ་གྱིས་ཇེ་ཆེར་གཏོང་གི་ཡོད་པས། བྱིས་པ་ཚོའི་སློབ་སྦྱོང་གི་སྤྲོ་སེམས་ཡང་མུ་མཐུད་ཇེ་ཆེར་འགྲོ་བཞིན་འདུག
   བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་རྩལ་འགྲན་ལུས་རྩལ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ཐེངས་འདིར་“ལུས་རྩལ་རྣམ་གྲངས་སློབ་གྲྭའི་ནང་བསྐྱོད་པ”ཞེས་པའི་རྐང་འཁོར་དང་རྐང་འདྲེད་རླངས་འཁོར་གྱི་མུ་འབྲེལ་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཆེད་ལས་ཀྱི་ན་གཞོན་ལུས་རྩལ་བྱེད་སྒོའི་ནུས་རྩལ་དག་སློབ་གྲྭའི་ནང་དུ་སྐྱོད་ཐུབ་པ་བྱེད་པ་དང་། ན་གཞོན་རྣམས་ལ་ལུས་རྩལ་རྩལ་ནུས་རེ་རེ་ཁོང་དུ་ཆུད་དུ་བཅུག་ནས། ལུས་རྩལ་བྱ་གཞག་སློབ་གྲྭའི་ནང་དུ་རྩ་བ་ཚུགས་ནས་དར་རྒྱས་འབྱུང་བའི་ཆེད་དུ་ཡིན།
    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་བྱིས་པའི་རྐང་འདྲེད་འཁོར་ལོའི་བྱེད་སྒོ་སློབ་གྲྭའི་ནང་དུ་བསྐྱོད་པ་སྐབས་དང་པོ་ཡིན་པའི་ཆ་ནས། རྐང་འདྲེད་འཁོར་ལོ་སྦྱོང་བར་མ་དངུལ་བཏང་བ་དེས་བྱིས་པའི་ལུས་རྩལ་བྱ་འགུལ་གྱི་ཡོ་བྱད་དང་རྣམ་གྲངས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་མ་ཟད། ད་དུང་བྱིས་པ་ཁང་གི་ལུས་རྩལ་བྱེད་སྒོའི་རྣམ་པའང་གསར་གཏོད་ཐུབ་པ་དང་ཆབས་ཅིག་བྱིས་པའི་ལུས་སེམས་བདེ་ཐང་ཡོང་བར་དགེ་མཚན་ཆེན་པོ་ལྡན་ཡོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830359.html) 
【1】  【2】  【3】
༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་་ལུས་རྩལ་རྣམ་གྲངས་སློབ་གྲྭའི་ནང་དུ་བསྐྱོད་པ།