འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་9ཉིན།

༄༅༎ཟིལ་གནོན་དང་སྲིད་ཇུས་ཀྱི་བློ་འགུག་ཟུང་འབྲེལ་བྱས་ནས། ལས་བྱེད་པ་སྐྱོན་ཅན་ལ་རང་ཉེས་ངོས་ལེན་ཞུ་བར་བཅུག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་09ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་སུན་ཆེ་གེ་མོ་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དུ་རང་ཉེས་ངོས་ལེན་ཞུ་བར་ཡོང་བ་རེད། སེམས་ཀྱི་གནོན་ཤུགས་ཚད་མེད་མྱོང་བའི་ཁོས་སྣེ་ལེན་ཞུས་པའི་ལས་དོན་མི་སྣར་མྱོང་ཚོར་ཟབ་མོས“ཏང་ཡོན་ལས་བྱེད་པར་བརྟག་དཔྱད་བྱེད་ཐེངས་རེ་རེར། ལྷག་པར་དུ་ཉེ་འགྲམ་གྱི་ངོ་ཤེས་ལ་བརྟག་དཔྱད་བྱེད་དུས་ང་ཧ་ཅང་སྐྲག  ཁོ་ཚོའི་དེ་རིང་ནི་ངའི་སང་ཉིན་ཡིན་པར་སྐྲག་གི་ཡོད”ཅེས་བརྗོད།
     བོད་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་ཐུགས་ཁུར་གླེང་མོལ་དང་དངོས་སྡོད་ཞིབ་འཇུག་རྣམ་པའི་བརྟག་དཔྱད་ཞིབ་འཇུག་སྤེལ་བ་དང་། ཉེས་ཆད་གཅོད་པའི་ཟིལ་གནོན་དང་། ལམ་ལུགས་ཀྱི་གཅུན་སྡོམ། སྲིད་ཇུས་ཀྱི་བློ་འགུག སློབ་གསོའི་ཁྲིད་སྟོན་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། གནད་དོན་ཡོད་པའི་ཏང་ཡོན་ལས་བྱེད་པས་སྟེས་དབང་གི་བསམ་པ་འདོར་བ་དང་བསམ་བློའི་ཁུར་པོ་འབེབས་པ། རྩ་འཛུགས་ལ་ཡིད་ཆེས་དང་རྩ་འཛུགས་ལ་བརྟེན་ནས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པར་སྐུལ་འདེད་གཏོང་བ་རེད། ཟླ་9པ་ནས་བཟུང་ཏང་ཡོན་ལས་བྱེད་པ་3གྱིས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལ་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་རེད། 
     བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། བོད་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྒྲིག་ཁྲིམས་ལག་བསྟར་དེ་ཇི་ཙམ་ནར་འགྱངས་བྱེད་ན་དེ་ཙམ་གྱིས་ནན་པོ་བྱེད་པའི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་བཏང་ནས། སྒྲིག་འགལ་ཁྲིམས་འགལ་གྱི་ཏང་ཡོན་ལས་བྱེད་པས་རང་ཉེས་ངོས་ལེན་ཞུ་བར་སྐུལ་འདེད་གཏོང་བ་རེད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ལྗོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་གྱོད་གཞི་1026ཐོ་འགོད་བྱས་པའི་ནང་ལྗོངས་དོ་དམ་ལས་བྱེད་པ་27ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ་125འཕར་ཡོད།
     ལམ་ལུགས་ཀྱིས་གཅུན་སྡོམ་དང་སློབ་གསོས་བློ་འགུག་བྱེད་ཤུགས་ཆེ་རུ་གཏོང་ཆེད། གནད་དོན་ཡོད་པའི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་རྩ་འཛུགས་ལ་གནད་དོན་རྩིས་སྤྲོད་བྱེད་པར་སྐུལ་འདེད་གཏོང་བ། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས《རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་མཁན་གྱི་སྣེ་ལེན་ལས་དོན་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ནས། ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་ཁག་གི་འགན་ནུས་དང་འགན་འཁྲི། གོ་རིམ་ཚད་གཞི། གསང་སྲུང་སྒྲིག་ཁྲིམས། འབྲེལ་མཐུད་ནང་རྐྱེན་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བཟོས་པ་དང་། འབྲེལ་ཡོད་སྡེ་ཁག་ལ་ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་བྱེད་རིང་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་ངང་རིང་ཞིབ་ཚགས་ངང་ལེགས་པར་བསྒྲུབ་ནས། གནད་དོན་ཡོད་པའི་ལས་བྱེད་པར་ཧུར་བརྩོན་དང་རང་འགུལ་ངང་གནད་དོན་གསལ་ཞུ་བྱེད་པ་ནི་གཞི་ནས་རང་སྐྱོབ་བྱེད་པའི་གདམ་ག་ཡང་དག་པ་དེ་ཡིན་པའི་ངོས་འཛིན་ཏན་ཏིག་བྱེད་དུ་འཇུག་དགོས་པའི་བླང་བྱ་བཏོན་པ་རེད།
     གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་ཆེད་དང་།  གྱོད་གཞི་ཞིབ་གཅོད་ཀྱི“རྩོམ་ཡིག་འཕྲོ་མའི་”ལས་དོན་ཡག་པོ་བསྒྲུབས་ཆེད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་འབྲེལ་ཡོད་ཚན་པར་གཅིག་ཤེས་ཀུན་གྲོལ་གྱིས་སྲིད་གཙང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་ལམ་ལུགས་ཀྱི་སྐྱོན་ཆ་སེལ་རྒྱུར་སྐུལ་འདེད་བཏང་ཡོད། ས་ཁུལ་ཞིག་དང་། ཁོངས་གཏོགས་ཤིག  སྡེ་ཚན་ཞིག་བཅས་ལ་ཤུགས་རྐྱེན་ཡོད་པའི་གྱོད་གཞི་གལ་གནད་ཆེ་ཞིང་རྙོག་དྲ་ཚ་བའི་རིགས་ཞིབ་གཅོད་བྱེད་སྐབས། གནད་གཅིག་གིས་ཐིག་སྣེ་ཁྲིད་པ་དང་གནད་གཅིག་གིས་ཁྱོན་ཡོངས་སྐུལ་ཁྲིད་བྱས་ཏེ་གནད་དོན་ཡོད་པའི་ལས་བྱེད་པས་རང་འགུལ་གྱིས་རང་ཉེས་ངོས་ལེན་ཞུ་བར་སྐུལ་འདེད་བཏང་བ་རེད། ད་ལོའི་ཟླ་7པའི་ཟླ་མཇུག་ཏུ། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཝང་ཆེ་གེ་མོས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པའི་གནད་དོན་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱས་པ་དང་། དེ་རྗེས་དེའི་ལས་འགན་འཁུར་མཁན་ཚན་པར་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་ནས། ལས་དོན་ཁག་ལ་གནས་པའི་གནད་དོན་ཕྱོགས་ཡོངས་ནས་ལེགས་སྒྲིག་དང་འཚོལ་ཞིབ་ནན་ཏན་བྱེད་པར་སྐུལ་འདེད་བཏང་བས་གྱོད་གཞི་གཅིག་ཞིབ་བཤེར་ཐག་གཅོད་བྱེད་པར་བརྟེན་ནས་གནས་གཅིག་ལ་ཉེན་བརྡ་གཏོང་བ་དང་ཡུལ་གཅིག་ལ་སློབ་གསོ་བྱས་པའི་ནུས་པ་ཐོན་ཡོད།
     བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་དང་མཉམ་དུ་ཁོངས་གཏོགས་ནང་གི་ཚན་པ་ཁག་གི་སྡེ་ཚན་གྱི་འགན་འཁུར་བར་སྙིང་གཏམ་ཤོད་རེས་བྱས་ནས། སྲིད་ཇུས་ཀྱི་བློ་འགུག་དང་བསམ་བློའི་སློབ་གསོའི་ལས་དོན་ལ་བརྟེན་ནས། གནད་དོན་ཡོད་པའི་ལས་བྱེད་པར་བསམ་བློའི་ཁུར་པོ་ཕབ་སྟེ་རང་འགུལ་གྱིས་གནད་དོན་གསལ་ཞུ་བྱེད་པར་ཁྲིད་སྟོན་བྱེད་པ། ཟླ་གཅིག་ལྷག་གི་རྗེས་སུ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་ཏང་ཨུད་ཧྲུའུ་ཅི། ཡོན་ཀྲང་གཞོན་པ་ལི་ཆེ་གེ་མོས་མཐར་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལ་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་རེད།
     “རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་དེ་རང་ཉེས་རང་ཞུ་བྱས་པ་མིན། ང་ཚོས་ཏང་ཡོན་དང་གཞུང་ཞབས་མི་སྣས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་གྱོད་གཞིའི་ངོ་བོ་དང་། ནང་དོན། གྲུབ་རྐྱེན་གལ་ཆེན་སོགས་དང་ཟུང་འབྲེལ་བྱས་ནས། དེ་གཉིས་ལ་ཞིབ་འཇུག་གཏིང་ཟབ་དང་དབྱེ་འབྱེད་ཞིབ་ཕྲ་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་བརྟག་དཔྱད་བྱ་ཡུལ་གྱི་མིའི་རང་ཉེས་ངོས་ལེན་ཞུ་བའི་གོ་སྐབས་དང་ངོས་ལེན་ཞུ་བའི་ནང་དོན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་པ་དང་། བརྟག་དཔྱད་བྱ་ཡུལ་གྱི་མིའི་དམིགས་ཡུལ་དངོས་ལ་དབྱེ་ཞིབ་བྱས་ཏེ། བརྟག་དཔྱད་བྱ་ཡུལ་གྱི་མིས་རང་ཉེས་ངོས་ལེན་ཞུ་བར་ཁ་གཡར་ནས་ཆད་གཅོད་ལས་གཡོལ་བར་སྔོན་འགོག་བྱེད་ཡོད་ཅེས་བརྗོད།
     དེ་མིན། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ”ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་གྱིས་རང་ཉེས་ངོས་ལེན་ཞུས་པའི་གནད་དོན་ཡོད་པའི་ལས་བྱེད་པར་དམིགས་ཤིང་། རང་ཉེས་ངོས་ལེན་ཞུ་བའི་ཀུན་སློང་དང་། བརྟག་དཔྱད་ལ་གཞོགས་འདེགས། སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཕྱིར་སྤྲོད་པ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས། “རྣམ་པ་བཞི”བེད་སྤྱོད་གནད་འཁེལ་སྒོས་སྒྲིག་སྲོལ་དང་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་བབ་མཚུངས་ཀྱི་ཐག་གཅོད་བྱས་ཏེ་ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱས་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15829158.html)