འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་9ཉིན།

༄༅།།“ལས་གྲྭ་སྐྲུན་སྐབས་དཀའ་ངལ་བསུ་བཞིན་ མདུན་སྐྱོད་བྱེད་དགོས”

ཕ་ཁི་སི་ཐན་དུ་བཅའ་སྡོད་འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཏིང་ཞུའེ་ཀྲེང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་09ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤའོ་ཤིན་ནི་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་ཞུགས་མཁན་གཞོན་ནུ་ཁག་དང་པོའི་གྲས་རེད། ལོ་6གི་གོང་དུ་ལོ་24ལ་སླེབས་པའི་ཁོང་སློབ་ཆེན་ཐོན་མ་ཐག་ཡིན་་ཞིང་། ཁོང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་འཐབ་ས་དང་པོར་བསྐྱོད་ནས་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་ཀྱི་ནུས་རྒྱུའི་རྣམ་གྲངས་ཆེ་གྲས—ཕ་ཁི་སི་ཐན་ཁ་ཤིས་མུ་གྲུ་ཁའི་རྡོ་སོལ་གློག་ཁང་ས་ཚིགས(ཁ་ཤིས་མུ་གྲུ་ཁའི་གློག་ཁང)གྲབས་འཛུགས་ལ་ཞུགས་ཡོད། ད་ཆ་ཁོང་ཀྲུང་གོ་གློག་སྐྲུན་ཚོགས་པའི་ཕྱི་རྒྱལ་མ་འཇོག་ཀུང་སིའི་གཤམ་འོག་གི་ཕ་ཁི་སི་ཐན་གྱི་ཁ་ཤིས་མུ་གྲུ་ཁའི་གློག་གཏོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་རེད། 
    ཁ་ཤིས་མུ་གྲུ་ཁ་ནི་ཕ་ཁི་སི་ཐན་ལྷོ་རྒྱུད་ཀྱི་ཤིང་ཏེ་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཁཱ་ལཱ་ཆིའི་ཉེ་འཁོར་དུ་ཡོད་ཅིང་། ཐོག་མར་གནས་དེར་འབྱོར་བའི་གནས་ཚུལ་དྲན་གསོ་བྱེད་སྐབས། ཤའོ་ཤིན་གྱིས་གསར་འགོད་པར་སྐབས་དེ་དུས་ཕ་ཁི་སི་ཐན་སྲིད་གཞུང་གིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་གཏོང་ཐུབ་པའི་རེ་བ་བྱེད་མོད། འོན་ཀྱང་གློག་ཚབས་ཆེན་འདང་གི་མེད། རྒྱལ་ས་དབྱི་སི་ལམ་པོ་དང་། གྲོང་ཁྱེར་ཁཱ་ལཱ་ཆི། ལཱ་ཧར་སོགས་ལ་ཉིན་ལྟར་གློག་གཏོང་མཚམས་འཇོག་དགོས་པ་དང་སྐབས་འགར་ཉིན་གཅིག་ལ་གློག་ཆུ་ཚོད་10ལྷག་ཙམ་ཆད་ཀྱི་ཡོད། ཁཱ་ལཱ་ཆི་ནི་ཕ་ཁི་སི་ཐན་གྱི་གྲོང་ཁྱེར་དང་གྲུ་ཁ་ཆེ་ཤོས་དང་པོ་དེ་ཡིན་ལ། ཚོང་དོན་དང་བཟོ་ལས་ཀྱི་ལྟེ་གནས་ཤིག་རེད། ཁཱ་ལཱ་ཆི་ས་ཁུལ་ཕ་ཁི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེ་བའི་གནས་ཤིག་རེད། དེར་བརྟེན་ཁ་ཤིས་མུ་གྲུ་ཁའི་གློག་གཏོང་ས་ཚིགས་འཛུགས་སྐྲུན་ལ་ས་གནས་དེ་གའི་སྲིད་གཞུང་དང་མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།
    2017ལོའི་ཟླ་3པར། གློག་ཁང་ཚ་ཚ་འུར་འུར་དང་འཆར་གཞི་བཞིན་སྐྲུན་སྐབས། ཤའོ་ཤིན་དང་ཁོང་གི་ལས་རོགས་ཚོར་ཕ་ཁི་སི་ཐན་གྱིས་སྐྲུན་པའི་གློག་གཏོང་སྒྱུར་གྱི་གློག་སྐུད་གཉིས་དུས་བཀག་ནང་འཁྲིད་དཀའ་བའི་དཀའ་གནད་ཕྲད་ཡོད། དེ་ལས་གློག་ཁང་འཛུགས་སྐྲུན་བདེ་བླག་དང་དུས་བཀག་གམ་ཡང་ན་སྔ་སྣུར་དུ་ལེགས་སྒྲུབ་བྱུང་རུང་གློག་གཏོང་ཐབས་བྲལ་བ་མཚོན་ཐུབ། རྣམ་གྲངས་ཀྱིས་བདེ་བླག་དང་དུས་བཀག་ནང་གློག་གཏོང་འགན་ལེན་དང་ས་གནས་སྲིད་གཞུང་དང་དམངས་ཚོགས་ཀྱིས་རྣམ་གྲངས་ལ་བཅངས་པའི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་རང་འགུལ་ངང་ཕ་ཁི་སི་ཐན་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཡོད། 
    རིང་ཚད་སྤྱི་ལེ་53ཟིན་པའི་གློག་སྐུད་བཟོ་གྲྭ་མང་བའི་བཟོ་ལས་གླིང་དང་། གཞུང་ལམ་ཨ་མ་2 ལྕགས་ལམ་1 མཐོ་གནོན་གློག་སྐུད་11བཅས་བརྒྱུད་དགོས་པ་མ་ཟད། ད་དུང་ཁཱ་ལཱ་ཆིའི་ཆུ་འདོན་བཟོ་གྲྭའི་ཆུ་འཐེན་འཕྲུལ་འཁོར་ཁང་ཆེ་ཤོས་དང་མི་མེད་ཀྱི་བྱེ་ཐང་ཁུལ་སོགས་ཀྱང་བརྒྱུད་དགོས་ཀྱི་ཡོད། ས་གནས་ས་ཐོག་ཏུ་ཕ་ཁི་སི་ཐན་ཕྱོགས་ཀྱི་གཙོ་གཉེར་དོ་དམ་དཔོན་རིགས་ཀྱི་རྣམ་འགྱུར་ནས་རྒྱུན་གཏན་གྱི་ཨར་པོའི་མྱུར་ཚད་ལྟར་ན་དུས་བཀག་ནང་སྐྲུན་ཐུབ་པ་ནི“སྒྲུབ་ཐབས་མེད་པའི་ལས་འགན”ཞིག་ཡིན་པ་མཐོང་ཐུབ།
    “ལས་གྲྭ་སྐྲུན་སྐབས་དཀའ་ངལ་བསུ་བཞིན་མདུན་སྐྱོད་བྱེད་དགོས”ཤའོ་ཤིན་དང་ལས་རོགས་ཚོས་ཕྱོགས་གཅིག་ནས་རྒྱལ་ནང་གི་རིགས་གཅིག་མཁས་ཅན་ཚོགས་པ་གདན་དྲངས་ཏེ་ཨར་ལས་ཀྱི་ཇུས་གཞི་ཉམས་བཟོར་གཞོགས་འདེགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ནང་ནས་གློག་སྐུད་འཐེན་བྱེད་འཕྲུལ་འཁོར་གཉིས་ཉོས་ནས་ཕ་ཁི་སི་ཐན་ཕྱོགས་ལ་ཞལ་འདེབས་བརྒྱབ་པར་བརྟེན་གློག་སྐུད་འཁྲིད་པའི་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། དེའི་རིང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ནང་ཚན་ཞིབ་ཚན་པ་དང་མཐུན་སྦྱོར་བྱས་ནས་རྣམ་གྲངས་ལ་མཁོ་བའི་ལྕགས་སྒྲོམ་བཟོ་བ་སོགས་ཀྱི་རྣམ་གྲངས་མགྱོགས་མྱུར་སྤེལ་ཡོད། དེ་དང་ཆབས་ཅིག་སྲུང་སྐར་འཕྲིན་གཏོང་གསར་འཛུགས་དང་གློག་དྲ་བཀོད་གཏོང་ལྟེ་གནས་ཀྱི་མཉེན་ཆས་དང་མཁྲེགས་ཆས་རིམ་སྤོར་སོགས་ལ་རྒྱབ་སྐྱོར་བྱས་ཡོད། 
    ཤའོ་ཤིན་དང་ལས་རོགས་ཚོས་འཁོར་ཞག་ཏུ་མ་བསྐྱོད་པར་རྒྱལ་ནང་གི་རིགས་གཅིག་མཁས་ཅན་གྱིས་བཏོན་པའི་ཇུས་གཞི་གཞིར་བཟུང་ཕ་ཁི་སི་ཐན་ཕྱོགས་དང་ལས་ཡུན་གྱི་འཆར་གཞི་གསར་པ་བཟོས་པ་དང་གློག་སྐུད་འཁྲིད་པའི་ལས་གྲྭར་སྐོར་ཞིབ་བྱེད་རོགས་ཀྱིས་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་བ་དང་འབྲེལ་ལས་གྲྭའི་འཕེལ་རིམ་ལ་རྗེས་སྙེག་ལྟ་སྐུལ་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱི་འཛུགས་སྐྲུན་པ་ཚོའི་དགེ་མཚན་ལྡན་པའི་ལེགས་སྐྱེས་ལ་ཕ་ཁི་སི་ཐན་ཕྱོགས་ཀྱི་ཚད་མཐོའི་གདེང་འཇོག་དང་ཁས་ལེན་ཐོབ་ཡོད། ཀྲུང་ཕ་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་གློག་སྐུད་དུས་ཐོག་ཏུ་འཁྲིད་ཐུབ་ཡོད།
    2017ལོའི་ཟླ་བཅུ་གཅིག་པར། ཁ་ཤིས་མུ་གྲུ་ཁ་གློག་ཁང་གི་འཕྲུལ་ཚན་དང་པོ་སྤྱོད་འགོ་ཚུགས་ནས་གློག་གཏོང་འགོ་ཚུགས་ཤིང་། “ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལས་ང་ལ་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། རྣམ་གྲངས་ཀྱི་འཆར་གཞི་རེ་རེ་དོན་དངོས་ལ་གྱུར་པ་མཐོང་བྱུང་ལ། ང་ཚོས་བྱ་སྤྱོད་དངོས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་ནང་ཞུགས་རྒྱུ་བྱུང”ཞེས་ཤའོ་ཤིན་གྱིས་བཤད།
    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཀྲུང་ཕ་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ནས་གཏམ་བཟང་ཡང་ཡང་གྲགས་པ་དང་དེའི་ལས་ཀ་འདིར་གྲུབ་འབྲས་འདི་ལྟར་ཐོབ་པ་ནི་ལས་གཏོད་བྱེད་ཕོད་མཁན་དང་ལས་དོན་སྒྲུབ་ཕོད་མཁན་གྱི་ན་གཞོན་གྲངས་མེད་ཀྱི་རྔུལ་ཆུ་འདུས་པས་རེད། ཤའོ་ཤིན་དང་འདྲ་བའི་ལོ་རབས་80པ་དང་90པའི་ནང་སྐྱེས་ཀྱི་ཀྲུང་གོའི་ན་གཞོན་ཚོས་རང་ཉིད་ཀྱི་ཆེད་ལས་ཤེས་བྱར་བརྟེན་ནས་འགག་རྩའི་ལས་གནས་ཐོག་ལས་འགན་ལྕི་མོ་འཁུར་ཏེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་ཕུལ་ཡོད།