འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་2ཉིན།

༄༅༎རང་རྒྱལ་གྱི་ནང་འབར་འཕྲུལ་འཁོར་ལོར་ཐོན་སྐྱེད་བྱེད་ཚད་ཁྲི་7600ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་02ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན་ཀྲུང་གོའི་ནང་འབར་འཕྲུལ་འཁོར་བཟོ་ལས་མཐུན་ཚོགས་ཀྱི་དྲུང་ཆེ་ཤིན་མའེ་ཡིས་མིག་སྔར་རང་རྒྱལ་གྱི་ནང་འབར་འཕྲུལ་འཁོར་བཟོ་ལས་འཕེལ་རྒྱས་ཀྱི་དུས་བབ་བརྟན་པོ་ཡོད་པ་དང་། 2019ལོར་ནང་འབར་འཕྲུལ་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་7600ལྷག་ཙམ་ཟིན་ནས་སྤྱིའི་ནུས་ཕྱོད་ཆན་ཝ་དུང་ཕྱུར་26.7ལས་བརྒལ་བ་དང་། ཐོན་རྫས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་278ཟིན་ནས་འཛམ་གླིང་གི་ནང་འབར་འཕྲུལ་འཁོར་ཐོན་སྐྱེད་དང་འཛད་སྤྱོད་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་བཤད།
     ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་ནང་འབར་འཕྲུལ་འཁོར་གྱིས་སྙོམ་སྒྲིག་བྱས་པའི་རླངས་འཁོར་དང་། བཟོ་སྐྲུན་འཕྲུལ་ཆས། ཞིང་ལས་འཕྲུལ་ཆས། སྦག་སྦག ཀུན་སྤྱོད་རླངས་སྣུམ་སོགས་ཀྱི་ཐོན་རྫས་ཡོད་པ་དང་། གོ་ལ་ཧྲིལ་པོའི་30%ཡན་གྱི་ཐོན་རྫས་ཀྱི་བསྡོམས་འབོར་བཟུང་ཡོད།