འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་2ཉིན།

༄༅༎ནུབ་རླངས་ཤར་འདྲེན་གྱི་སོལ་རླངས་འབྱུང་གནས་ཐོན་འཕར་དང་ཕན་འབྲས་ཆེ་རུ་བཏང་ནས་
དགུན་དུས་ཀྱི་སོལ་རླངས་མཁོ་སྤྲོད་འགན་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་02ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། སྟོན་དུས་ལོ་མ་ས་ལ་ལྷུངས་པ་དང་བསྟུན་ནས་སོལ་རླངས་སྤྱོད་མང་ཤོས་ཀྱི་དུས་སུ་སླེབས་འགོ་ཚུགས། འདི་ལོ་དགུན་ཁའི་རང་བྱུང་སོལ་རླངས་ཀྱི་མཁོ་སྤྲོད་འགན་ལེན་བྱ་ཆེད། ནུབ་རླངས་ཤར་འདྲེན་གྱི་རླངས་ཁུངས་གཙོ་བོའི་གྲས་ཤིག་ཡིན་པའི་ཀྲུང་གོ་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་གི་ཐོན་འཕར་དང་ཕན་འབྲས་ཆེ་རུ་བཏང་ནས་རང་བྱུང་སོལ་རླངས་ཐོན་སྐྱེད་བྱེད་མགྱོགས་སུ་བཏང་ཡོད།
     ཐ་ལི་མུའུ་སྣུམ་ཞིང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། རང་བྱུང་སོལ་རླངས་ཐོན་འཕར་མགྱོགས་སུ་གཏོང་ཆེད། ཐོན་ནུས་འཛུགས་སྐྲུན་གྱི་མ་འཇོག་བྱེད་ཚད་ཆག་པའི་གནས་ཚུལ་འོག་སྣུམ་ཞིང་གི་སྣུམ་རླངས་ཐོན་ནུས་ལེགས་གྲུབ་བྱུང་ཚད་ལོ་འཁོར་གྱི་འཆར་གཞི་ལས་བརྒལ་ནས། རང་བྱུང་སོལ་རླངས་གསར་སྐྲུན་ཐོན་ནུས་ལོ་ཧྲིལ་པོའི་དམིགས་ཚད་འཆར་གཞི་ལས་3.6%བརྒལ་ཡོད། མིག་སྔར་རང་བྱུང་སོལ་རླངས་ཀྱི་ཁྲོན་པ་གསར་པའི་ཆ་སྙོམས་ཉིན་རེར་སོལ་རླངས་ཐོན་ཚན་དང་ཕན་འབྲས་ཆེ་བའི་ཁྲོན་པའི་བསྡུར་ཚད་དེ་ན་ནིང་གི་དུས་མཚུངས་ལས་16%དང་5.3%འཕར་ནས་རང་བྱུང་སོལ་རླངས་གསར་སྤེལ་བྱེད་ཚད་དང་ཕན་འབྲས་མཉམ་འཕར་བྱུང་ཡོད།