འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་28ཉིན།

༄༅།།ལྗིད་ཚད་ཁེ་ལ་88ཟིན་པའི་ཕ་ལམ་ནག་པོ་ཞིག་པ་ལི་ནས་ཧྲང་ཧའེ་རུ་ཁྱེར་ཏེ་ནང་འདྲེན་དངོས་མང་སྟོན་
ཚོགས་སྐབས་གསུམ་པར་ཞུགས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་28ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཟླ་10ཚེས་26ཉིན་པར་བླངས་པའི་ཁེ་ལ88ཟིན་པའི་ཕ་ལམ་ནག་པོ་ཆེན་པོ་དང་དེ་དང་ཚད་བསྡུར་བྱེད་པའི་ཁེ་ལ་5ཟིན་པའི་ཕ་ལམ་ཞིག་རེད།
འདི་ནི་ཟླ་10ཚེས་26ཉིན་པར་བླངས་པའི་ཁེ་ལ88ཟིན་པའི་ཕ་ལམ་ནག་པོ་ཆེན་པོ་དང་དེ་དང་ཚད་བསྡུར་བྱེད་པའི་ཁེ་ལ་5ཟིན་པའི་ཕ་ལམ་ཞིག་རེད།
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཧྲང་ཧའེ་འགག་སྒོ་ཡིས་ཚེས་26ཉིན་སྤྱི་བསྒྲགས་སྤེལ་དོན། ཧྥ་རན་སེ་པ་ལི་ནས་ཧྲང་ཧའེ་ཀྲུང་གོའི་རྒྱལ་སྤྱི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པར་ཞུགས་པར་ཁྱེར་བའི་ཁེ་ལ་88ཟིན་པའི་ཕ་ལམ་ཧ་ཅང་ཆེན་པོ་ཞིག ཚེས་26ཉིན་བསྒྲུབ་དགོས་པའི་འགྲོ་ལུགས་སྙན་སེང་ཞུས་ཚར་ཡོད་ཅིང་། ནང་འདྲེན་སྟོན་ཚོགས་ཀྱི་སྟེགས་བུར་བརྟེན་ནས་ཀྲུང་གོའི་མཛད་སྤྱོད་པ་དང་ཐུག་རྒྱུ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། ལྗིད་ཚད་ཁེ་ལ88ཟིན་པའི་ཕ་ལམ་འདི་ལ་ངོ་57བཅད་ཡོད་ཅིང་། དུས་རབས་བར་མའི་ཡོ་རོབ་ཁཱ་ལོ་ཧྥུའུ་དུད་ཚང་གི་ཡིན་ལ། སྐུ་དྲག་གི་མིང་ནས་མིང་བཏགས་པ་དང་། གོ་ལ་ཡོངས་ཀྱི་ཕ་ལམ་ནག་པོ་རྩེ་གྲ་ལྔའི་ནང་གི་གཅིག་རེད། རྗེས་ཕྱོགས་སུ་ཧྥ་རན་སེ་ཁཱ་ལོ་ཧྥུའུ་རིན་ཆེན་ནོར་བུའི་སྤུས་རྟགས་ཀྱི་རྒྱུད་འཛིན་ནོར་བུར་གྱུར་ཡོད་པས། ལོ་མང་རིང་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པ་ཧ་ཅང་ཉུང་། ད་ལྟ་དེའི་རིན་གོང་ཨ་སྒོར་ཁྲི་3700ཡིན་པའི་ཚོད་རྩིས་བྱེད་ཀྱི་ཡོད།
   ཚེས་23ཉིན་གྱི་ཐོ་རེངས། ཧ་ཅང་ཆེ་བའི་ཕ་ལམ་ནག་པོ་འདི་ནི་སུའེ་ཙེར་མཁའ་སྐྱོད་དུས་གཏན་གནམ་གྲུའི་ཐོག་ཁྱེར་ནས་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་བ་རེད། ཚེས་26ཉིན་ATAདཔང་ཡིག་དེབ་རྐྱང་གི་རྣམ་པ་ནས་མངའ་ཁོངས་སུ་འཛུལ་བའི་སྙན་སེང་ཞུས་པ་རེད།
   མིག་སྔར། ཁཱ་ལོ་ཧྥུའུ་ཡི་ཁེ་ལ88ཟིན་པའི་ཕ་ལམ་ནག་པོ་ནང་འདྲེན་དངོས་མང་སྟོན་ཚོགས་སྤེལ་ཡུལ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་ཀྱི་ཉེ་འགྲམ་སྤང་ལྗོངས་གོ་ལ་ཧྲིལ་པོའི་ཚོང་ཟོག་ཉོ་ཚོང་གྲུ་ཁ་ཡིས་ལྟ་ཞིབ་དོ་དམ་བྱེད་ཀྱི་ཡོད། འཆར་གཞིར་ལྟར་ན། ནང་འདྲེན་དངོས་མང་སྟོན་ཚོགས་མཇུག་སྒྲིལ་རྗེས། ཕ་ལམ་ནག་པོ་འདི་ནི་ཧྲང་ཧའེ་རུ་འགྲེམས་སྟོན་དུས་ཡུན་ནར་འགྱངས་བྱས་ནས། ཀྲུང་གོའི་མཛད་སྤྱོད་པ་སྔར་བས་མང་པོ་ལ་ཐག་ཉེ་ས་ནས་ལྟད་མོ་ལྟ་བའི་གོ་སྐབས་སྤྲོད་རྒྱུ་རེད།
(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn15827939.html)
【1】  【2】
༄༅།།ལྗིད་ཚད་ཁེ་ལ་88ཟིན་པའི་ཕ་ལམ་ནག་པོ་ཞིག་པ་ལི་ནས་ཧྲང་ཧའེ་རུ་ཁྱེར་ཏེ་ནང་འདྲེན་དངོས་མང་སྟོན་
ཚོགས་སྐབས་གསུམ་པར་ཞུགས།