འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་28ཉིན།

༄༅།།ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་28ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་གྲོང་མིས་གསར་གཏོད་བརྩམས་ཆོས་མྱོང་རོལ་བྱེད་བཞིན་པ།
འདི་ནི་གྲོང་མིས་གསར་གཏོད་བརྩམས་ཆོས་མྱོང་རོལ་བྱེད་བཞིན་པ།
    འདི་ག་ཚགས་པར་ཁང་དུ་ཅི་ནན་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཅི་ནན་དུ་འཚོགས་ཤིང་། མངོན་མིན་རིག་གནས་ཤུལ་བཞག་གིས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་པའི་འགྲེམས་སྟོན་དང་། “སྤྲིན་ཚོམ་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ”བྱེད་པའི་འགྲེམས་གཏོང་། “མངོན་མིན་རིག་གནས་ཤུལ་བཞག་གི་ཅ་དངོས་ཡག་པོ”སྤྲིན་ཚོམ་ཕྱིར་ཚོང་སོགས་ཚུད་པའི་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་སྤེལ་བ་རེད།
    སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱིས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་མངོན་མིན་རིག་གནས་ཤུལ་བཞག་མཉམ་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱེད་པའི་དམིགས་ཡུལ་ནི། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྲུབ་འབྲས་འགྲེམས་སྟོན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཐད་མངོན་མིན་རིག་གནས་ཤུལ་བཞག་གིས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཆེད་རེད། དངོས་མང་སྟོན་ཚོགས་ཀྱིས་རིག་གནས་དང་ཡུལ་སྐོར་པུའི“མངོན་མིན་རིག་གནས་ཤུལ་བཞག་གིས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱེད་པའི”གཙོ་གནད་ཐོག་རྒྱབ་སྐྱོར་བྱ་ཡུལ་ས་ཁུལ་10ཡི“མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་ལས་ཞུགས་བཟོ་ཁང”དང་དེ་བཞིན་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་འགའ་ཞིག་གི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་རྣམ་གྲངས་གཙོ་གནད་དུ་བཟུང་ནས་འགྲེམས་སྟོན་བྱས་པ་དང་། གཞན་ཡང་ཧྲན་ཏུང་དང་ཁྲུང་ཆིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་འགྲེམས་སྟོན་དང་ཅི་ནན་གྲོང་ཁྱེར་གྱི་ཁ་གཏད་དབུལ་སྐྱོར་ས་ཁུལ་ཤང་ཤིས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དབུལ་སྐྱོར་འགྲེམས་སྟོན་ཡང་བཙུགས་ནས། མངོན་མིན་རིག་གནས་ཤུལ་བཞག་གིས་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་པའི་གྲུབ་འབྲས་དང་དཔེ་མཚོན་གཅིག་སྡུད་ཐོག་འགྲེམས་སྟོན་གྱིས་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཁྱབ་གདལ་བཏང་བ་རེད།
    ཟླ་10ཚེས་26ཉིན་མི་རྣམས་ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་མང་སྟོན་ཚོགས་སྐབས་དྲུག་པ་འཚོག་ཡུལ་ཅི་ནན་དུ་ཡོང་སྟེ། མངོན་མིན་རིག་གནས་ཤུལ་བཞག་གི་བརྩམས་ཆོས་མྱོང་རོལ་བྱས་པ་དང་འབྲེལ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་ཐད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ནུས་པ་ཉམས་ལེན་ཡང་བྱས་པ་རེད། ( བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15827914.html)