འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅།།རླབས་ཆེན་རྒྱལ་ཁ་བློ་ལ་བརྟན་པོར་ངེས། དཀའ་བ་ཚད་མེད་སྤྱད་ནས་འབད་འཐབ་བྱེད།

—— ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་23ཉིན་གྱི་ཕྱི་དྲོ། ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་རྫས་བཤམས་མཛོད་ཁང་གི་ཐང་ཆེན་ལྷོ་མར“ཨ་འགོག་ཁྲའོ་རོགས་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད”ཅེས་པའི་སྦྱར་ཡིག་དམར་པོ་དེ་རབ་ཏུ་འཚེར་བའི་ཉི་ཟེར་འོག་དེ་བས་ལྷག་པར་མངོན་པར་གསལ། ཟླ་10ཚེས་19ཉིན། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བྱེད་པར་བསྐྱོད་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་འགོ་ཚུགས་པ་ནས་བཟུང་། ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་རྟེན་རྫས་བཤམས་མཛོད་ཁང་དེར་ལྟ་སྐོར་བྱས་ནས་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཏེ། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྱི་རྒྱལ་ཁ་ཤེས་རྟོགས་བྱས་པ་རེད། འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེན་གྱི་རྒྱལ་ཁ་བློ་ལ་བརྟན་པོར་བཅངས་ནས། ཨ་འགོག་ཁྲའོ་རོགས་ཀྱི་རླབས་ཆེན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཔའ་ངར་ཆེར་སྐྱེད་དང་བློ་སྟོབས་ཆེན་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མུ་མཐུད་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་ཀྱི་ཡིན་ཞེས་ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད།
    སྦྱར་ཡིག་མདུན་དུ་བཟའ་ཚོ་རྒན་གྲས་གཉིས་དྲན་རྟེན་པར་རྒྱག་བཞིན་འདུག གསར་འགོད་པས་ཤེས་རྟོགས་བྱས་པ་བརྒྱུད། བཟའ་ཚོ་དེ་གཉིས་ཀྱི་མིང་ལ་རེན་ཅན་ཁྲུན་དང་ཀྲུའུ་དབྱིང་ཅུན་ཟེར་ཞིང་། ཁོང་གཉིས་ནི་སྐམ་དམག་དང་མཁའ་དམག་ནས་དམག་ཞབས་ཐིམ་པའི་དམག་མི་རེད་འདུག “ལོ་70ཡི་གོང་། ང་ཚོའི་དང་བླངས་དམག་གིས་དཔའ་ངར་ཆེར་སྐྱེད་དང་བློ་སྟོབས་ཆེན་པོས་ཡ་ལུའུ་གཙང་པོ་འཕྲེད་བཅད་བཏང་སྟེ་ཁྲག་བཏོན་དམར་འཛིང་བྱས་པ་དང་། དཔའ་བོའི་བུ་ཕྲུག་ཁྲི་བཅུ་དགུ་དང་བདུན་སྟོང་ལྷག་ཙམ་གྱིས་མེས་རྒྱལ་དང་། མི་དམངས། ཞི་བདེ་བཅས་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་ལེགས་སྐྱེས་ཕུལ་ནས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རླབས་ཆེན་གྱི་རྒྱལ་ཁ་བླངས་པ་རེད། དཀའ་ངལ་དང་ཉེན་ཁའི་མདུན་དུ་ཀྲུང་ཧྭ་མི་རིགས་སྐྲག་མི་སྲིད་ལ་གནོན་ཡང་ག་ལ་ཐུབ། ལོ་རྒྱུས་དེར་ཕྱིར་དྲན་བྱེད་སྐབས། ངས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཡིད་ཆེས་བརྟན་པོ་དང་གདེང་ཚོད་ཆེན་པོ་སྐྱེས་བྱུང”ཞེས་རེན་ཅན་ཁྲུན་གྱིས་བཤད་བྱུང་།
     “ངའི་ཨ་ཁུ་རྒན་པ་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུགས་མྱོང་ཡོད། ད་ལྟ་ཁོང་དགུང་ལོ་89ལ་སླེབས་ཡོད་པས། རྒྱུན་དུ་ང་ཚོར་རླབས་ཆེན་གྱི་འཐབ་རྩོད་དེ་གླེང་ནས། ཁོང་གི་འཐབ་གྲོགས་དང་ཁོང་གིས་བརྒྱུད་མྱོང་བའི་འཐབ་འཛིང་གི་ལོ་རྒྱུས་གསུང་གི་ཡོད། ང་ཚོས་ཨ་འགོག་ཁྲའོ་རོགས་ཀྱི་དམག་མི་རྒན་གྲས་ཚང་མར་གུས་བཀུར་ཆེན་པོ་ཞུ་ཡི་ཡོད་ལ། ཨ་འགོག་ཁྲའོ་རོགས་ཀྱི་རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་རེ་བ་ཡོད”ཅེས་ཀྲུའུ་དབྱིང་ཅུན་གྱིས་བཤད་བྱུང་།
     འགྲེམས་ཁང་ནང་གི་ཧོང་ཅི་ཀོང་གི་མཛད་རྗེས་དང་ཤུལ་དངོས་འགྲེམས་སྟོན་ཆེད་ཁུལ་གྱི་མདུན་དུ། ཧྥུང་ཐའེ་ཆུས་ཤིས་ལུའོ་ཡོན་ནན་ལི་ཧྭ་ཡོན་སྡེ་ཁུལ་གྱི་ལས་བྱེད་པ་མེའོ་ཀུའེ་དབྱིན་གྱིས་ཡུན་རིང་ཞིབ་ལྟ་བྱས་ནས་བསྡད། འགྲེམས་ཁུལ་དུ་བཤམས་པའི་ཧོང་ཅི་ཀོང་སྐུ་འཚོ་བཞུཌ་སྐབས་སྤྱོད་མྱོང་བའི་དཔེ་ཁུག་དང་། ཆུ་དམ། སྐེ་རགས། ཟིན་བྲིས་དེབ་བཅས་དང་། དེ་བཞིན་ཧོང་ཅི་ཀོང་སྐུ་གཤེཌ་ཡུལ་ནས་སྔོག་འདོན་ཐུབ་པའི་འབར་མདེལ་བླུག་སྣོད་སོགས་མཐོང་སྐབས། མེའོ་ཀུའེ་དབྱིན་གྱིས་མགྲིན་པ་བརྣངས་བཞིན་དུ“དེ་སྔ་ང་ཚོས་དཔེ་དེབ་ཁྲོད་ནས་ཧོང་ཅི་ཀོང་དང་ཆིའུ་ཧྲའོ་ཡུན་སོགས་གསར་བརྗེའི་སྔོན་གཤེཌ་དཔའ་བོའི་མཛད་རྗེས་བཀླགས་མྱོང་ཡོད། དེ་རིང་ཁོང་སྐུ་འཚོ་བཞུགས་སྐབས་སྤྱོད་མྱོང་བའི་ཅ་དངོས་མཐོང་སྐབས་དཔའ་བོ་ཁོང་ང་ཚོའི་འགྲམ་དུ་ཡོད་པའི་སྣང་བ་བྱུང་། ཁོང་ཚོའི་སྙིང་སྟོབས་ཇི་སྲིད་བར་གནས་ངེས་ཡིན”ཞེས་བཤད།
    ད་ཐེངས་ལྟ་སྐོར་འདི་ནི་མེའོ་ཀུའེ་དབྱིན་གྱིས་སྡེ་ཁུལ་ཏང་ཨུད་ཀྱི་སྒྲིག་འཛུགས་འོག་ལས་རོགས་ཚོ་དང་མཉམ་དུ་ཡོང་བ་ཞིག་རེད། ཁོང་གིས“ད་ཐེངས་ཀྱི་དྲན་གསོའི་འགྲེམས་སྟོན་ལ་བལྟས་རྗེས། ངའི་ངོས་ནས་བརྗོད་ན་བསམ་པར་ཞུན་བརྡར་ཐེངས་གཅིག་བྱས་པ་རང་ཡིན། འབྱུང་འགྱུར་བྱ་བ་སྒྲུབ་སྐབས་ཏང་གི་བཀའ་ལ་ཉན་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲངས་ཏེ་རང་ནུས་གང་ཡོད་འདོན་རྒྱུ་ཡིན”ཞེས་བཤད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་། http://tibet.people.com.cn/15827624.htm)