འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་27ཉིན།

༄༅༎མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་
ཡོ་བྱད་འབོར་ཆེན་གྲབས་གསོག་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་འདི་ལོའི་ལོ་མཇུག་གོང་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ཡོ་བྱད་དུང་ཕྱུར་5.2གྲབས་གསོག་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ཆོག་མཆན་ཐོབ་རྗེས་འཕྲལ་མར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     བྱིས་པའི་ཐེབས་རྩ་ཚོགས་པས་གསར་འགྱུར་སྤྱི་བསྒྲགས་ཤིག་ནང་ཐེབས་རྩ་ཚོགས་པ་དེས་འདི་ལོའི་ལོ་མཇུག་གོང་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ཡོ་བྱད་དུང་ཕྱུར་5.2ཉོ་སྒྲུབ་དང་གྲབས་གསོག་བྱས་ཏེ་2021ལོའི་ཏོག་གསར་གློ་ཚད་རིམས་ནད་ལ་གྲ་སྒྲིག་བྱས་པའི་རིམས་འགོག་སྨན་ཁབ་ཡོ་བྱད་དུང་ཕྱུར་10ཟིན་པ་བྱ་རྒྱུ་རེད། གཞན་ཡང་། བྱིས་པའི་ཐེབས་རྩ་ཚོགས་པས་སྨན་ཁབ་ཡོ་བྱད་བླུག་སྒམ་ཁྲི་500ཉོས་ནས་སྨན་ཁབ་ཡོ་བྱད་རྙིང་པ་བསྡུ་ཉར་བྱེད་པར་སྤྱོད་རྒྱུ་རེད་ཅེས་བཤད།
     བྱིས་པའི་ཐེབས་རྩ་ཚོགས་པས་སྨན་ཁབ་ཡོ་བྱད་དང་ཡོ་བྱད་བླུག་སྒམ་གྱི་སྤྱོད་ཡུན་དུས་ཚོད་ལོ་5ཡིན་པ་དང་སྦྲགས་ལྗིད་པོ་ཡོད་པའི་རྐྱེན་པས་མཚོ་ཐོག་ནས་དབོར་དགོས་ཀྱི་ཡོད་སྟབས་ངེས་པར་དུ་སྔ་སྣུར་ནས་སྡེབ་སྐྱེལ་བྱེད་དགོས་ཀྱི་ཡོད། གཞན་ཡང་། སྔ་སྣུར་ནས་ཉོ་སྒྲུབ་བྱས་པ་དེས་རིམས་འགོག་སྨན་ཁབ་ཁྲོམ་རར་བཏོན་རྗེས་ཐོན་རྫས་དེ་རིགས་ལ་འཕྲད་པའི་ཁྲོམ་རའི་གནོན་ཤུགས་ཆུང་དུ་འགྲོ་རྒྱུར་ཕན་པ་ཡོད་ཅེས་བཤད།
     བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རེན་ཧེང་ལི་ཨའེ་ཐ·ཕུར་གྱིས་སྤྱི་བསྒྲགས་ནང་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པ་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་འདུ་འགོད་ཅིག་ཡིན་པས་ད་ལྟ་ནས་འགོ་བཙུགས་ཏེ་ལས་དོན་སྤེལ་དགོས་ངེས་རེད་ཅེས་བཤད།