འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།《ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་རིམ་མཐོའི་ཚོགས་འདུ་
རབ་དང་རིམ་པའི་ཐོག་གནང་བའི་གསུང་བཤད》དེབ་རྐྱང་པ་དཔེ་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། 《ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་རིམ་མཐོའི་ཚོགས་འདུ་རབ་དང་རིམ་པའི་ཐོག་གནང་བའི་གསུང་བཤད》དེབ་རྐྱང་པ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་ཚེས་21ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་ཁག་གིས་འགྲེམས་སྤེལ་བྱ་རྒྱུ་རེད། དེབ་དེའི་ནང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་རིམ་མཐོའི་ཚོགས་འདུ་རབ་དང་རིམ་པའི་ཐོག་གནང་བའི《མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་དྲན་གསོའི་དབུ་ཚོགས་ཐོག་གི་གསུང་བཤད》དང་། 《སྐབས་75པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་གི་གསུང་བཤད》 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་དབུ་ཚོགས་ཐོག་གི་གསུང་བཤད》 《མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་པེ་ཅིང་གི་འཛམ་གླིང་བུད་མེད་ཚོགས་ཆེན་འཚོགས་ནས་ལོ་25འཁོར་བར་དྲན་གསོ་ཞུ་བའི་རིམ་མཐོའི་ཚོགས་འདུའི་ཐོག་གི་གསུང་བཤད》བཅས་གསུང་བཤད་གལ་ཆེན་བཞི་བཀོད་ཡོད་པ་རེད།