འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅།།བོད་ལྗོངས་ཉིང་ཁྲི་རུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཉིང་ཁྲི་རུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་20ཉིན། ཀྲུང་གོའི་ལྕགས་ལམ་ཅུས་བཅུ་གཅིག་པས་ཚེས་20གནས་འཕྲིན་སྤེལ་དོན། མིག་སྔར་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་གྱི་63%བཏིང་ཟིན་པ་དང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་རྟ་སྒ་ལའི་ཕུག་ལམ་ལ་སླེབས་ཡོད། ཕུག་ལམ་དེའི་རིང་ཚད་ལ་སྤྱི་ལེ་17ཡོད་ཅིང་། སྔོན་དཔག་བྱས་ན་ཟླ་10ཚེས་21ཉིན་ཕུག་ལམ་ནང་གི་ལྕགས་ལམ་ཡོངས་སུ་འགྲུབ་རྒྱུ་ཡིན་ཞིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ལོ་རྒྱུས་སུ་ཐེངས་དང་པོར་ལྕགས་ལམ་འདིང་བ་དང་། ས་གནས་དེ་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། 
   གསར་དུ་སྐྲུན་པའི་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་སྤྱིའི་རིང་ཚད་ལ་སྤྱི་ལེ་399.61ཡོད་ཅིང་། གོང་དཀར་རྫོང་དང་སྣེ་གདོང་ཆུས། སྣང་རྫོང་། སྨིན་གླིང་རྫོང་སོགས་བརྒྱུད་ཡོད། འགྲོས་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་160ཇུས་འགོད་བྱས་ཡོད་པ་དང་། ཟམ་པ་དང་ཕུག་ལམ་གྱིས་74%ཟིན་ཡོད། 
   ཤེས་རྟོགས་བྱུང་བར་གཞིགས་ན། རྟ་སྒ་ལ་ཕུག་ལམ་དུ་འཁོར་ལམ་བཏིང་རྗེས། ལམ་ཐིག་ཁྱོན་ཡོངས་རིང་ཚད་སྤྱི་ལེ་258.25ཟིན་ཞིང་། དེ་ནི་ལས་འགན་སྒྲུབ་ཚད་སྤྱིའི་64.6%ཙམ་ཟིན་ཞིང་། 2021ལོར་ཁྲོན་བོད་ལྕགས་ལམ་ལྷ་ཉིང་ལམ་དུམ་བདེ་བླག་ངང་ཤར་གཏོང་ཐུབ་པ་ལ་རྨང་གཞི་ལེགས་པོ་བཏིང་ཡོད།
༄༅།།བོད་ལྗོངས་ཉིང་ཁྲི་རུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ།