འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅།།ལུང་མོན་བྲག་ཕུག་ནས་གནའ་རྫས་རྟོག་ཞིབ་པས་ཐང་རྒྱལ་རབས་སྐབས་ཀྱི་མཆོད་རྟེན་གྱི་རྨང་གནས་གསར་
རྙེད་བྱུང་བ་དེ་ནི་རྒྱ་གར་གྱི་བླ་མ་སྐྱེས་ཆེན་ཞིག་གི་སྐུ་གདུང་མཆོད་རྟེན་ཡིན་པ་ཐོག་
མར་ཚོད་དཔག་བྱས་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ལུང་མོན་བྲག་ཕུག་ནས་གནའ་རྫས་རྟོག་ཞིབ་པས་ཐང་རྒྱལ་རབས་སྐབས་ཀྱི་མཆོད་རྟེན་གྱི་རྨང་གནས་གསར་
རྙེད་བྱུང་བ་དེ་ནི་རྒྱ་གར་གྱི་བླ་མ་སྐྱེས་ཆེན་ཞིག་གི་སྐུ་གདུང་མཆོད་རྟེན་ཡིན་པ་ཐོག་
མར་ཚོད་དཔག་བྱས་ཡོད།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་21ཉིན། ཉེ་ཆར། ལུང་མོན་བྲག་ཕུག་《འཛམ་གླིང་ཤུལ་བཞག་མིང་གཞུང》ནང་ཚུད་ནས་ལོ་ངོ་20འཁོར་བའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག ལའོ་དབྱང་ལུང་མོན་བྲག་ཕུག་ཞིབ་འཇུག་ཁང་གིས་གནའ་རྫས་ཞིབ་འཇུག་འབྲས་བུ་གལ་ཆེན་གཅིག་ཁྱབ་བསྒྲགས་བྱས་པ་སྟེ། ཐང་རྒྱལ་རབས་སྐབས་ཀྱི་ཤང་ཧྲན་དགོན་གྱི་གནས་ཤུལ་ཐེངས་དང་པོར་གཞི་རྒྱ་ཆེན་པོས་སྔོགས་འདོན་བྱེད་དུས།ཚད་གཞི་ཅུང་མཐོ་ཞིང་གཞི་རྒྱ་ཅུང་ཆེ་བའི་མཆོད་རྟེན་རྙིད་པ་ཞིག་གསར་རྙེད་བྱུང་ཞིང་། ཚད་ལྡན་ཡིག་ཆའི་དཔྱད་གཞི་དང་ཟུང་འབྲེལ་བྱས་ནས། དེ་ནི་ཐང་རྒྱལ་རབས་སྐབས་ཀྱི་ཀྲུང་གོར་ཕེབས་པའི་རྒྱ་གར་གྱི་བླ་མ་སྐྱེས་ཆེན་ཞིག་གི་སྐུ་གདུང་མཆོད་རྟེན་ཡིན་པ་ཐོག་མར་ཚོད་དཔག་བྱས་ཡོད། 
    རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མོས་མཐུན་ཆོག་མཆན་གནང་བར་བརྒྱུད། ལུང་མོན་བྲག་ཕུག་ཞིབ་འཇུག་ཁང་གིས་པེ་ཅིང་སློབ་ཆེན་གནའ་རྫས་རྟོག་ཞིབ་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དང་ལུའོ་དབྱང་གྲོང་ཁྱེར་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་བཅས་ཕྱོགས་གསུམ་གྱིས་མཉམ་དུ་ཤང་ཧྲན་དགོན་གྱི་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་ནས། 2016ལོ་ནས་ད་བར་ལུང་མོན་ཐང་རྒྱལ་རབས་སྐབས་ཀྱི་ཤང་ཧྲན་དགོན་གྱི་གནའ་ཤུལ་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པ་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་གནའ་རྫས་རྟོག་ཞིབ་ལས་ཐང་དང་སུང་རྒྱལ་རབས་དུས་སྐབས་ཀྱི་བཟོ་བཀོད་རྨང་གནས་དང་ལམ་སྔོགས་འདོན་བྱས་ཡོད་དེ། དེའི་ནང་ཐང་རྒྱལ་རབས་སྐབས་ཀྱི་མཆོད་རྟེན་གཉིས་ཀྱི་རྨང་གནས་དང་།ཕོ་བྲང་དང་སོ་ཕག ཐོར་ཆུ། སྟེགས་རྨང་སོགས་རྗེས་ཤུལ་གལ་ཆེན་ཚུད་ཡོད། ད་དུང་རིང་བསྲེས་སྒམ། རྡོ་སྐུ། མ་ཎིའི་རྡོ་ཆག་རོ། རྫ་ལེབ། ལྕགས་གཟེར། ཟངས་སྐུ་སོགས་གལ་ཆེ་བའི་ཤུལ་རྫས་ཀྱང་བསྔོགས་ཡོད་པ་རེད། 
   “ཐེངས་འདིའི་གནའ་རྫས་རྟོག་ཞིབ་སྔོགས་འདོན་ལས་ཚད་གཞི་ཅུང་མཐོ་ཞིང་། གཞི་རྒྱ་ཅུང་ཆེ་བའི་མཆོད་རྟེན་རྙེད་པའི་རྒྱག་གཞི་གསར་རྙེད་བྱུང་བ་དེ་ནི་ཚད་ལྡན་ཡིག་ཆའི་དཔྱད་གཞི་དང་ཟུང་འབྲེལ་བྱས་ན། ཐང་རྒྱལ་རབས་སྐབས་ཀྱི་ཀྲུང་གོར་ཕེབས་པའི་བླ་མ་སྐྱེས་ཆེན་ཞིག་གི་སྐུ་གདུང་མཆོད་རྟེན་ཡིན་པ་ཐོག་མར་ཚོད་དཔག་བྱས་ཡོད”ཅེས་ལུང་མོན་བྲག་ཕུག་ཞིབ་འཇུག་ཁང་གི་འགོ་ཁྲིད་ཧྲི་ཅཱ་ཀྲེན་གྱིས་དེ་ལྟར་བཤད། 