འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎“ཚོང་ལས་ཕྱོགས་བསྡུས་ཁྲོམ་ར”ལས་མང་ཚོགས་ལ་འབབ་འཕར་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་ཞིང་ཟོག་ཁྲོམ་རར་ལོ་58ལ་སླེབས་པའི་བྱམས་སྒྲོན་གྱིས་ཤིང་ཏོག་འཚོང་བཞིན་པ།
འདི་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་ཞིང་ཟོག་ཁྲོམ་རར་ལོ་58ལ་སླེབས་པའི་བྱམས་སྒྲོན་གྱིས་ཤིང་ཏོག་འཚོང་བཞིན་པ།
     བྱམས་སྒྲོན་གྱི་ཕ་ཡུལ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ནས་ཡིན་པ་དང་། ས་ཆ་དེ་ནི་མཚོ་སྔོན་དང་ས་མཚམས་འབྲེལ་ཞིང་། བོད་བྱང་ཐང་ས་མཐོ་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་བར་བརྒལ་ས་རྒྱུད་དུ་ཆགས་པས། དེ་གར་རི་མཐོ་ལ་གྲོག་རོང་གཏིང་ཟབ་པོ་ཡོད། འདས་ཟིན་པའི་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་ཁོང་གི་འཚོ་བ་དང་ཐོན་སྐྱེད་ཚང་མ་འབྲི་གཡག་དང་དབྱར་རྩྭ་དགུན་འབུ་དང་ཁ་འབྲལ་ཐབས་མེད།
     ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པའི་ཆ་ནས་བྱམས་སྒྲོན་གྱིས་ཐོག་མར་ཕ་ཡུལ་ནས་ཁ་གཏན་ནས་བྲལ་འདོད་བྱེད་ཀྱི་མེད། “རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དང་དེའི་ཐོག་དཔྱིད་ཀར་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཡོད་པས་ལོ་གཅིག་ལ་སྒོར་ཁྲི་1ལྷག་ཙམ་རག་གི་ཡོད། སྐབས་དེ་དུས་ཡོང་འབབ་དེ་འདྲ་ཡོད་ན་གང་མིན་ཚད་ཡིན་པས་གནས་སྤོ་བྱས་ན་སྙིང་པོ་མེད་པའི་བསམ་བློ་འཁོར”
     2018ལོའི་དཔྱིད་ཀར་བྱམས་སྒྲོན་གྱིས་ནང་མིའི་ངོ་ཟློག་མ་ནུས་པར་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོ་བྱས། ས་གནས་དེས་མི་རེར་ཆ་སྙོམས་སྨི་ངོས་གྲུ་25ཡི་ཚད་གཞི་གཞིར་བཟུང་གནས་སྤོས་དུད་ཚང་ལ་ཁང་པ་བགོ་བཤའ་བརྒྱབ་པ་དང་། བྱམས་སྒྲོན་ཁྱིམ་གྱི་ནང་མི་དྲུག་ལ་སྨི་ངོས་གྲུ་150ཡོད་པའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་ཁང་པ་གསར་པར་སྡོད་རྒྱུའི་བསྐལ་བཟང་ཐོབ། དེ་གར་ཆུ་དང་གློག་བརྟན་པོ་ཡོད་ལ་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་པོ་ཡོད།
     ཡིན་ཡང་། ཁོ་མོའི་བསམ་བློར་ཐོག་མར་འགྱུར་ལྡོག་བྱུང་དོན་ནི་གྲོང་གསེབ་ཀྱི“ཚོང་ལས་ཕྱོགས་བསྡུས་ཁྲོམ་ར”གསར་པ་བསྐྲུན་པས་2018ལོའི་ལོ་མཇུག་ཏུ་ཁྲི་རྡོ་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོའི་ལེ་ལག་ཚང་བའི་ཐོན་ལས་ཏེ། མ་དངུལ་སྒོར་ཁྲི་500བཏང་བའི་ཁྲི་རྡོ་གྲོང་རྡལ་གྱི་ཞིང་འབྲོག་ཐོན་རྫས་ཀྱི་ཟོག་འགྲེམས་ལྟེ་གནས་བསྐྲུན་པ་དང་། ལྟེ་གནས་སུ་ཞིང་ཟོག་ཁྲོམ་ར་དང་སྤུས་རྟགས་སྒོ་རྩིས་ཚོང་ཁང་གཅིག་ཚུད་ཡོད།
     ཁྲོམ་རས་གནས་སྤོའི་དུད་ཚང་ལ་ཁང་གླ་གཏོང་བའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་བྱམས་སྒྲོན་གྱིས་སྨི་ངོས་གྲུ་10ལྷག་ཙམ་ཟིན་པའི་ཁྲོམ་བཀྱག་ཅིག་བོགས་མར་བླངས་ཏེ་འབྲུ་སྣུམ་གྱི་ཚོང་བརྒྱབ། ལྟེ་གནས་དང་འབྲེལ་མཐུད་བྱས་པའི་དམིགས་བཙུགས་དངོས་ཟོག་མཁོ་སྤྲོད་ཚོང་པས་ཁྲོམ་བཀྱག་གི་དགོས་མཁོ་གཞིར་བཟུང་དུས་བཀག་བཞིན་དངོས་ཟོག་མཁོ་སྤྲོད་བྱེད་ཀྱི་ཡོད་པས། དངོས་ཟོག་དཀོན་པ་དང་བདལ་གླ་སྤྲོད་པ་སོགས་ཀྱི་སེམས་ཁྲལ་མང་པོའང་བསལ།
     ད་ཆ་བྱམས་སྒྲོན་ལ་འབྲུ་སྣུམ་ཚོང་ཁང་ནས་ཟླ་རེར་ཁེ་བཟང་སྒོར་1000ལྷག་ཙམ་ཡོང་གི་ཡོད་པས་ལོའི་ཡོང་འབབ་ལྡབ་གཉིས་འཕར་སྒོར་ཁྲི་4ཙམ་ཟིན་གྱི་ཡོད།
     ལོ་བཞིའི་གོང་ཝུའུ་ཤན་ཧྲན་གྱིས་ཕ་ཡུལ་མཚོ་སྔོན་ནས་འདི་གར་ཡོང་སྟེ་ཤ་འཚོང་ས་ཞིག་བཙུགས་པ་དང་ཟ་ཁང་ལ་ཤ་མཁོ་འདོན་བྱེད་ཀྱི་ཡོད།
     དེ་སྔ་ཤ་འཚོང་མཁན་མང་པོ་ཡོད་ནའང་ཚོང་ཁང་མང་ཆེ་བས་གཞུང་ལམ་ངོགས་སུ་ས་ཆ་རེ་བཟུང་ནས་ཐར་ཐོར་དུ་ཡོད་པས། འགྲན་རྩོད་ཆུང་ལ་ཤ་རིན་ཡང་མཐོ་དམན་མི་འདྲ་བ་ཡོད། ཞིང་ཟོག་ཁྲོམ་ར་སྒོ་ཕྱེ་རྗེས་ས་གནས་དེ་གའི་སྲིད་གཞུང་གིས་ལམ་ངོགས་ཀྱི་ཤ་འཚོང་མཁན་དང་ཚལ་འཚོང་མཁན་སྤོ་རྒྱུའི་ཁྲིད་སྟོན་བྱས་པ་རེད།
     “ད་ཆ་མི་སེར་གྱིས་གང་དུ་ཤ་ཡག་པ་དང་གོང་ཁེ་ན་དེར་ཉོ་བར་འགྲོ་གི་ཡོད་པས། ཚོང་དུད་ཀྱི་འགྲན་རྩོད་ཆེ་རུ་ཕྱིན་ཡོད། དེའི་དབང་གིས་རིན་གོང་ཀྱང་ལུགས་མཐུན་བྱུང་བ་དང་། མཐར་ཕན་པ་ཐོབ་མཁན་ནི་འཛད་སྤྱོད་པ་ཚོ་རེད”ཅེས་ཁྲི་རྡོ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་མཁས་གྲུབ་ཀྱིས་བཤད།
     མཐར་གྲོང་རྡལ་ཆུང་ངུ་དེར་བསྐྲུན་པའི“ཚོང་ལས་ཕྱོགས་བསྡུས་ཁྲོམ་ར”ལས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཕྱོགས་གཅིག་ཏུ་བསྡུས་ལ། དཔལ་འབྱོར་འཕེལ་རྒྱས་ལ་ཡང་སྐུལ་འདེད་ཐུབ་ཡོད།