འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎ཀྲུང་གོ་དང་ལོ་སིའི་ཁུན་དབན་ལྕགས་ལམ་གྱི་ཚད་འཛིན་ལས་གྲྭ་ཨ་མོ་ཅང་གཙང་པོའི་ལམ་ཐིག་
ཉིས་གཤིབ་ཀྱི་ཟམ་ཆེན་སྦྲེལ་མཐུད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་ལྕགས་ལམ་ཅུས་བཞི་པས་སྐྲུན་འགན་འཁུར་བའི་ཀྲུང་གོ་དང་ལོ་སིའི་ཁུན(མིང)ཝན་ཐེན(ཝན་ཐེན)ལྕགས་ལམ་གྱི་ཨ་མོ་ཅང་གཙང་པོའི་ལམ་ཐིག་ཉིས་གཤིབ་ཀྱི་ཟམ་ཆེན་ཚེས་20ཉིན་སྦྲེལ་མཐུད་ཐུབ་པས། ལམ་ཐིག་ཧྲིལ་པོའི་སྒྲོམ་གཞི་འཛུགས་པ་དང་འཁོར་ལམ་འདིང་བར་ཆ་རྐྱེན་བསྐྲུན་པ་རེད།
     ཨ་མོ་ཅང་གཙང་པོའི་ལམ་ཐིག་ཉིས་གཤིབ་ཀྱི་ཟམ་ཆེན་ནི་ཀྲུང་གོ་དང་ལོ་སིའི་ཁུན་དབན་ལྕགས་ལམ་གྱི་ཚད་འཛིན་ལས་གྲྭ་ཞིག་ཡིན་པ་དང་། ཟམ་པ་དེ་ཡུན་ནན་ཞིང་ཆེན་ཕུ་ཨེར་གྲོང་ཁྱེར་མོ་ཅང་རྫོང་ཁོངས་སུ་གནས་པ་དང་རིང་ཚད་ཡོངས་ལ་སྨི་617ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་དང་ལོ་སིའི་ཁུན་དབན་ལྕགས་ལམ་ནི་ཀྲུང་གོ་ཕྱོགས་ཀྱིས་མ་འཇོག་བྱས་ཏེ་སྐྲུན་འགན་གཙོ་བོ་འཁུར་བ་དང་། ལམ་ཐིག་ཡོངས་ལ་ཀྲུང་གོའི་ལག་རྩལ་ཚད་གཞི་དང་ཀྲུང་གོའི་སྒྲིག་ཆས་བེད་སྤྱོད་བྱས་པ་དང་འབྲེལ་ཀྲུང་གོ་ལྕགས་ལམ་དྲ་བ་དང་ཐད་ཀར་སྦྲེལ་བའི་རྒྱལ་སྤྱིའི་ལྕགས་ལམ་ཞིག་ཡིན་ཞིང་། རིང་ཚད་ཡོངས་ལ་སྤྱི་ལེ་1000ལྷག་ཙམ་ཡོད་པ་དང་། སྔོན་དཔག་བྱས་ན་2021ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཡུན་ནན་ཁུན་མིང་ནས་ལོ་སིའི་ཝན་ཐེན་བར་ཉིན་གཅིག་ལ་འབྱོར་རེ་ཡོད་པ་རེད།