འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎དངོས་སྒྲུབ་+སྒྲུབ་མཁས་པ། མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དངོས་སྒྲུབ་+སྒྲུབ་མཁས་པ། མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་པ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་ཆེད་འབད་བརྩོན་བྱེད་བཞིན་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་སྤྱོད་གོ་ཆོད་པའི“དངོས་སྒྲུབ་+སྒྲུབ་མཁས་པའི”ལས་ཀ་བྱེད་སྟངས་ཆ་ཚང་ཞིག་ཕྱོགས་སྡོམ་བྱས་ནས། གྲོང་ཁྱེར་དེའི་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་གྲོང་ཁྱེར་དེའི་ཞིང་འབྲོག་པས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པར་སྒུལ་ཤུགས་གསར་པ་བསྣན་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས“དྭངས་ཤིང་གཙང་བའི་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་འཁྱགས་ཀྱིས་བཀླུབས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཛུབ་ཁྲིད་དུ་བྱས་ཤིང་། གྲོང་ཚོ(གྲོང་ལྷན)དུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱི་ཚོགས་ཆེན་དང་། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ། དྲིལ་བསྒྲགས་སྦྱར་ཡིག གྲོང་སྲོལ་དམངས་ཆིངས་སོགས་དྲིལ་བསྒྲགས་གཞི་རྟེན་བེད་སྤྱོད་གང་ལེགས་བྱས་པ་དང་། སྨྱན་སྦྱོར་གསར་པ་དང་ལས་སྟེགས་གསར་པ་དང་ཟུང་འབྲེལ་བྱས་ནས། སྒྲོག་འགྲེལ་ཆུང་གྲས་དང་། དྲ་ཐོག་སྒྲོག་འགྲེལ། ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བཅས་སྤྱད་དེ་མང་ཚོགས་ལ་ཚན་རིག་དང་མཐུན་ཞིང་སྐྱོན་དང་བྲལ་ལ་ཡ་རབས་ཚུལ་ལྡན་གྱི་འཚོ་བའི་འདུ་ཤེས་དང་། འཚོ་བའི་རྣམ་འགྱུར། འཚོ་བ་སྐྱེལ་སྟངས་བཅས་འཛུགས་པ་དང་། སྲོལ་གསར་གཏོད་པ་དང་གོམས་གཤིས་ངན་པ་དོར་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་སྐུལ་ཁྲིད་བྱས་ནས། མང་ཚོགས་ལ་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་བྱེད་པའི་དོན་སྙིང་དངོས་སུ་ཤེས་སུ་བཅུག་ཅིང་། མང་ཚོགས་རྣམས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་མཁན་དང་། ཁྱབ་སྤེལ་བྱེད་མཁན། ལག་ལེན་བྱེད་མཁན་བཅས་སུ་འགྱུར་བར་བཅུག་ནས། གྲོང་ཚོ(གྲོང་ལྷན)དེ“ཐོན་ལས་དར་རྒྱས་དང་། སྣོད་བཅུད་གནས་བཅའ་བར་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་སྐྲུན་གང་ཐུབ་བྱས་པ་རེད།
     དཔེར་ན། སྟེང་ཆེན་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་མང་ཚོགས་ལ“ཐེངས་རེ་བྱེད་རྒྱུ་དྲུག”ལག་ལེན་བསྟར་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་པ་སྟེ། “ཐེངས་རེ་བྱེད་རྒྱུ་དྲུག”ཞེས་པ་ནི“ཞོགས་པ་དང་དགོང་མོར་སོ་ཐེངས་རེ་བཀྲུ་བ་དང་། ཉིན་རེར་རྐང་པ་ཐེངས་རེ་བཀྲུ་བ། ཉིན་གསུམ་རེར་གྱོན་ཆས་ཐེངས་རེ་བཀྲུ་བ། ཟླ་རེར་ཁང་པའི་ནང་གཙང་སྦྲ་ཐེངས་རེ་བྱེད་པ། ཟླ་རེར་གཟུགས་པོ་ཐེངས་རེ་འཁྲུད་པ། དུས་ཚིགས་རེར་སྐྲ་ཐེངས་རེ་བཞར་པ”བཅས་ཀྱི་བདེ་ཐང་ཤེས་དཔལ་གྱི་འཚོ་བའི་འདུ་ཤེས་ལ་ཟེར། ཞེ་གཞུང་ཤང་ཤར་ལ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས“ལག་གདང་སྦྲེལ་བའི་གཉེན་ཉེའི་བྱེད་སྒོ”སྤེལ་ཏེ། སློབ་མ་དང་ཁྱིམ་བདག་སྒྲིག་འཛུགས་བྱས་ནས་དབྱར་དགུན་གུང་གསེང་གི་དུས་ཚོད་སྤྱད་དེ་མཉམ་དུ་གྲོང་ཚོ་དང་། རྒྱལ་ཁབ་རིམ་པའི་གཞུང་ལམ་གྱི་ལམ་འགྲམ། གྲོང་ཚོ(གྲོང་ལྷན)མཐའ་འཁོར་དུ་བསྐྱོད་དེ་ཁོར་ཡུག་གཙང་སྦྲ་བྱས་ཤིང་མཉམ་དུ་ཞུགས་པ་དང་ཕན་ཚུན་སློབ་གསོ་བྱེད་བའི་དམིགས་ཡུལ་འགྲུབ་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོ(གྲོང་ལྷན)ཁག་གིས་གྲོང་མིའི་དཔྱད་འདེམས་གྲོས་ཚོགས་དང་ཁོར་ཡུག་སྲུང་སྐྱོང་ལས་འཛིན་ལྷན་ཚོགས་སོགས་མང་ཚོགས་རྩ་འཛུགས་1314བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་སྲུང་སྐྱོང་། གོམས་སྲོལ་བསྒྱུར་རྒྱུར་སྐུལ་འདེད། འཚོ་བའི་གོམས་གཤིས་བཟང་པོ་གསོ་སྐྱོང་སོགས་ཀྱི་ལམ་ལུགས་དོན་ཚན་4173བཟོས་པ་དང་འབྲེལ་གྲོང་སྲོལ་དམངས་ཆིངས་ནང་བཅུག་པ་རེད།
     དུས་མཚུངས་སུ། ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོ(གྲོང་ལྷན)རུ་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོ(གྲོང་ལྷན)ཡི་ལས་བྱེད་པ་དང་། གཉིས་སྦྲེལ་དུད་ཚང་དང་ཏང་ཡོན་སོགས་མང་ཚོགས་སྒྲིག་འཛུགས་བྱས་ནས། ཁང་པའི་རྒྱབ་མདུན་དང་། གྲོང་ཚོའི་(སྡོད་ཁུལ་)མཐའ་ཟུར། གཞུང་ལམ་གྱི་འགྲམ་རྒྱུད། ཆུ་ལམ་དང་ཡུར་བུ་སོགས་ལ “གད་སྙིགས་གཙང་སེལ། བུད་ཤིང་གཙང་སེལ། སྒོ་ར་གཙང་སེལ། ཡུར་བུ་གཙང་སེལ། འགག་ས་གཙང་སེལ”བཅས་ཀྱི་ཁོར་ཡུག་བཅོས་སྐྱོང་བྱེད་སྒོ་སྤེལ་བ་དང་། གྲོང་གསེབ་ཀྱི་བཙོག་ཆུ་གཙང་སེལ་དང་། གསང་སྤྱོད་གསར་བརྗེ། སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་གཙང་སེལ་སོགས་གྲོང་ཚོའི་གཙང་སྦྲའི་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་ནས། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་སྤུས་ཚད་མཐོ་རུ་ནུས་ལྡན་བཏང་ནས་ཁྱིམ་གཞིས་གཙང་སྦྲ་ཅན་བསྐྲུན་པ་རེད། དམངས་ཡོངས་ཀྱིས་རྩྭ་འདེབས་ཤིང་འཛུགས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་ཆ་རྐྱེན་འཛོམས་སར“ལྗོན་ཤིང་མེད་པའི་དུད་ཚང”དང“ལྗོན་ཤིང་མེད་པའི་གྲོང་ཚོ”མེད་པར་བཟོ་རྒྱུའི་བརྩོན་ལེན་བྱེད་པ་རེད།
     མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་གྲུབ་འབྲས་ཐོབ་དཀའ་བ་དེ“ཁྲལ་སེལ་སླ་བཅོས”དང“རླུང་འཚུབ་ཐེངས་གཅིག”ཏུ་མི་འགྱུར་བར་བྱེད་ཆེད། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་དེ་ཉིད་དུས་ཡུན་རིང་པོའི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གྱི་གཙོ་གནད་ལས་དོན་ཞིག་ཏུ་བརྩིས་ནས། དུས་བཀག་གམ་དུས་ངེས་མེད་དུ་གྲོང་ཚོ(གྲོང་ལྷན)རུ་བསྐྱོད་དེ་གནད་སྨིན་མཛུབ་ཁྲིད་དང“ཕྱིར་མིག་ལྟ་བའི”བྱེད་སྒོ་སྤེལ་ཏེ། གྲོང་ཚོ(གྲོང་ལྷན)ཁག་གི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས། གནད་དོན་གྱི་རྩིས་ཐོ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དག་ཐེར་གྱི་དུས་བཀག་བཟོ་བ། དག་ཐེར་གྱི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་དོན་དེ་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་པ་རེད། དུས་མཚུངས་སུ་གྲོང་ཚོ(གྲོང་ལྷན)ཁག་གི་ལས་བྱེད་པས་ད་དུང་མངོན་བཤེར་དང་ལྐོག་འདྲི་སོགས་ཀྱི་རྣམ་པའི་ཐོག་ནས་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་གནས་ཚུལ་དང་མང་ཚོགས་ཀྱི་ཁྱིམ་གྱི་འཕྲོད་བསྟེན་གནས་ཚུལ་ལ་སྐབས་བསྟུན་ཟུར་བཤེར་བྱས་པ་རེད། མང་ཚོགས་ལ་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་གྲོང་ཚོ(གྲོང་ལྷན)ཡི་ཁོར་ཡུག་གཙང་ཞིང་མི་སྒེར་གྱི་འཕྲོད་བསྟེན་ལེགས་པར་འགན་ལེན་བྱས་པ་རེད།
     དེ་བཞིན་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོ(གྲོང་ལྷན)ཁག་གི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་ལས་བྱེད་པའི་དཔྱད་ཞིབ་དམིགས་ཚད་ཅིག་ཏུ་བྱས་པ་མ་ཟད། ད་དུང་དུས་ཚིགས་ཀྱི“སྐོར་སྐྱོད་དར་དམར”དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་ནས། ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་དཔྱད་འདེམས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ཏེ། གོམ་གང་མདུན་སྤོས་ཀྱིས“བསྡུར་སློབ་བསྙེགས་བརྒལ”གྱི་རྣམ་པ་ཟབ་མོ་བཏོད་ནས་ཆབ་མདོ་གྲོང་ཁྱེར་གྱི་ས་གནས་ཁག་ལ་གནམ་སྔོ་ཆུ་དྭངས་དང་། སྐྱེ་ཁམས་གནས་བཅའ་བར་འཚམ་པའི་རྣམ་པ་ཞིག་ཆགས་པར་བྱས་ཡོད།
【1】  【2】
༄༅༎དངོས་སྒྲུབ་+སྒྲུབ་མཁས་པ། མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་བྱེད་པ།