འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎བོད་རང་སྐྱོང་ལྗོངས་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་བཙུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་བཙུགས་པའི་ཚོགས་ཆེན་འཚོགས་ཤིང་། ཚོགས་ཆེན་ཐོག《བོད་རང་སྐྱོང་ལྗོངས་ཀྱི་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་ཀྱི་སྒྲིག་ཡིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐུལ་འདེད་བཏང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣས་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན་ཞིང་། གཙོ་བོ་དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣས་རང་མོས་ངང་གྲུབ་པ་ཞིག་ཡིན་པ་དང་། ཞལ་འདེབས་རྒྱག་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ཁྲིམས་མིའི་ཐོབ་ཐང་ལྡན་པའི་ལྗོངས་ཡོངས་རང་བཞིན་ལྡན་པ་དང་ཁེ་གཉེར་རང་བཞིན་མ་ཡིན་པའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་རེད།
     བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དྲུང་ཆེ་གཅིག་ལྕོགས་ཀྲང་རུང་གིས་ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་གཟི་བརྗིད་བྱ་གཞག་སྐུལ་སྤེལ་ལྷན་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་སྙན་སེང་ཞུས་པ་རེད།