འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎ས་མཐོའི་གྲོང་གསེབ་ཏུ་སྟོན་བསྡུའི་ལས་ལ་བྲེལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ས་མཐོའི་གྲོང་གསེབ་ཏུ་སྟོན་བསྡུའི་ལས་ལ་བྲེལ།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གིས་ཞོག་ཁོག་ཐོན་ལས་འཕེལ་རྒྱས་བཏང་ནས་མི་སེར་ཚོར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ་དང་། མིག་སྔར་ས་གནས་དེ་གའི་ཞོག་ཁོག་ལ་ཐོན་ལེགས་བྱུང་ནས་ཞིང་ནང་དང་མུ་ཁར་ལས་བྲེལ་གྱི་རྣམ་པས་ཁེངས་ཤིང་། འདི་ནི་ཉེ་ཆར་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་ཝུའེ་ཡོན་གྲོང་རྡལ་བྲོ་བྲག་ཐང་གྲོང་ཚོར་གྲོང་མི་ཚོས་ཞོག་ཁོག་དབོར་འདྲེན་བྱེད་བཞིན་པ།