འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་20ཉིན།

༄༅།།རྩྭ་མདའི་དམངས་ཕྱུག་ཐོན་ལས་ཆེན་པོ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་20ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྩྭ་མདའི་དམངས་ཕྱུག་ཐོན་ལས་ཆེན་པོ།
    མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་དུ་གླང་ཆེན་ཁ་འབབ་ཀྱི་ངོགས་གཉིས་སུ་སྟར་སྡོང་ཚོམ་བུ་རེ་རེ་བཞིན་ཡུག་གཅིག་ཏུ་སྦྲེལ་ཡོད་པ་དང་། ཤིང་འབྲས་དམར་སེར་སྟར་སྡོང་གི་ཡལ་གའི་ཐོག་ཁེངས་འདུག སྟར་བུ་ནི་ཤིང་མ་སྡོང་གི་ཁོངས་སུ་གཏོགས་ཅིང་ “གནམ་ལས་བསྩལ་བའི་ལྷ་རྫས་དང་། མཐོ་སྒང་གི་མཆོག་གྱུར་ཤིང་འབྲས་”ཞེས་འབོད་ཀྱི་ཡོད། 
   2019ལོའི་ཟླ་4པར་རྩྭ་མདའ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་སྣེ་ཁྲིད་དེ། ཚོང་དང་མ་རྩ་འདྲེན་འགུགས་བྱས་པར་བརྒྱུད་ཕྱི་ཕྱོགས་ཀྱི་མ་དངུལ་འགུག་འདྲེན་བྱས་ནས། སྟར་བུ་ཞིབ་འཇུག་ལྟེ་གནས་ཤིག་དང་དེང་རབས་ཅན་གྱི་ཐོན་ལས་གླིང་ཁུལ་ཞིག་བཙུགས་ཅིང་། དྲོད་ཁང་30ཡོད་ལ་དེའི་ནང་མྱུག་གསོ་དྲོད་ཁང་2དང་ཨར་ཏུའོ་སི་ནས་ནང་འདྲེན་བྱས་པའི་སྟར་བུའི་དྲོད་ཁང་ཆེན་པོ་2ཡོད།  
    སྟར་བུ་ཞིབ་འཇུག་ལྟེ་གནས་ཀྱིས་སྟར་བུ་སྡོང་ཕྲུག་འདེབས་གསོ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་བྱེད་འགན་འཁུར་ཡོད། ད་ལོའི་ཟླ་9པར་རི་སྐྱེས་སྟར་བུ་ཤིང་འབྲས་ཏུན་6ཙམ་བཏོགས་ནས་ནང་སའི་བཟོ་གྲྭར་ལས་སྣོན་བྱེད་དུ་བཅུག་ཡོད། རྩྭ་མདའ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་རིམ་པ་དང་པོའི་ཁོའོ་ཡོན་ཐང་ཝུན་ཧུའུ་ཡིས་གསར་འགོད་པར“མིག་སྔར་ཐོན་རྫས་གཙོ་བོའི་གྲས་སུ་སྟར་ཁུ་དང་། སྟར་བུའི་འབྲས་སྣུམ་སོགས་ཡོད། ཐོན་འབོར་ཆེན་པོ་མེད་པས་གནས་སྐབས་མངའ་རིས་ས་ཁུལ་ཁོ་ནར་ཕྱིར་ཚོང་བྱེད་ཀྱི་ཡོད། ཐོན་རྫས་ལ་ཁྲོམ་རའི་དགའ་བསུ་ཐོབ་ཀྱི་ཡོད། སྟར་ཁུ་ལྟ་བུའི་བཏུང་ཆུ་སྒམ་3000ཙམ་བཙོངས་ཟིན་པ་དང་། སྟར་བུའི་འབྲས་སྣུམ་སོགས་ཕྱིར་ཚོང་བྱེད་ཚད་ཀྱང་བཟང་པོ་ཡོད།   
    ཤེས་རྟོགས་བྱུང་བར་གཞིགས་ན། རྩྭ་མདའ་རྫོང་གིས་འབྱུང་འགྱུར་ལོ་10ཡི་ནང་སྟར་བུ་མུའུ་ཁྲི་12འདེབས་འཛུགས་བྱ་རྩིས་ཡོད་པ་དང་། སྟར་བུ་ལ་དམིགས་ནས་ལས་སྣོན་དང་། ཞིབ་འཇུག ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་བཟོ་ལས་རྟེན་གཞི་བསྐྲུན་རྒྱུ་ཡིན། སྟར་བུ་རྒྱུ་ཆ་བྱས་པའི་སྟར་བུའི་གདོང་སྐྱོ་དང་། སྟར་བུའི་མཛེས་འདོན་བྱུག་རྫས། སྟར་བུའི་ཆང་སོགས་ཐོན་རྫས་མང་དུ་བཏང་བ་དང་། ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་སྐྱེ་ཁམས་དམངས་ཕྱུག་ཐོན་ལས་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།
【1】  【2】
༄༅།།རྩྭ་མདའི་དམངས་ཕྱུག་ཐོན་ལས་ཆེན་པོ།