འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་20ཉིན།

༄༅།།འཇར་པན་གྱི་དབུ་བཞུགས་བློན་ཆེན་ཝེ་ཐེ་ནམ་ལ་འཚམས་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་20ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཇར་པན་གྱི་དབུ་བཞུགས་བློན་ཆེན་ཝེ་ཐེ་ནམ་ལ་འཚམས་འདྲི་བྱས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན། ཝེ་ཐེ་ནམ་གྱི་རྒྱལ་ས་ཧོ་ནེ་རུ། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡོན་ཧྥུའུ་ཀྲུང་(གཡས་ཀྱི་དང་པོ)གིས་འཚམས་འདྲིར་ཕེབས་པའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་(གཡོན་གྱི་དང་པོ)ལ་ཐུག་འཕྲད་བྱས་པ་རེད། 
    ཟླ་10ཚེས་19ཉིན། ཝེ་ཐེ་ནམ་གྱི་ཙུའུ་ཅི་ཡོན་ཁྲུན་ཧྥུའུ་ཡིས་འཚམས་འདྲིར་ཕེབས་པའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱི་ཝེ་དང་བཞུགས་མོལ་བྱས་པ་དང་། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་། རིམས་ནད་རྗེས་ཀྱི་སླར་གསོ་སོགས་ཀྱི་མཉམ་ལས་སྐུལ་འདེད་བྱ་རྒྱུའི་ཐད་མོས་མཐུན་བྱུང་ཡོད་པ་རེད། 
   ཝེ་ཐེ་ནམ་སྲིད་གཞུང་དྲ་ཚིགས་དང་ཝེ་ཐེ་ནམ་གསར་འགྱུར་ཁང་གིས་ཉིན་དེར་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། ཡོན་ཁྲུན་ཧྥུའུ་ཡིས་བཞུགས་མོལ་རྗེས་སུ་སྤེལ་བའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། ཕྱོགས་གཉིས་ཀྱིས་ཕན་ནུས་ལྡན་པའི་གྲོས་མོལ་སྤེལ་ཡོད་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀའི་འཐབ་ཇུས་འབྲེལ་བར་གཏིང་ཟབ་གཏོང་རྒྱུར་མོས་མཐུན་བྱུང་ཡོད་ཅིང་། རྒྱལ་ཁབ་གཉིས་ཀས་མུ་མཐུད་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་མཉམ་ལས་ཟབ་མོ་བྱ་རྒྱུ་དང་། རིམས་ནད་རྗེས་ཀྱི་སླར་གསོ་གསར་གཏོད་ལ་ཕན་ནུས་ལྡན་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་བཤད། 
    ཅན་དབྱི་ཝེ་ཡིས། འཇར་པན་གྱིས་ཝེ་ཐེ་ནམ་དང་དངོས་ཡོད་ལག་ཐོགས་ཀྱི་ཕན་ནུས་ལྡན་པའི་རིམ་པ་སོ་སོའི་བར་བགྲོ་གླེང་བྱ་རྒྱུ་དང་། རིམ་བཞིན་ཕྱོགས་གཉིས་ཀའི་མི་སྣ་ཕན་ཚུན་འགྲོ་འོང་དང་ཁྱབ་ཁོངས་སོ་སོར་མཉམ་ལས་བྱ་རྒྱུ། ཕྱོགས་གཉིས་ཀས་ཚོང་ལས་ཐད་འཕུར་གནམ་གྲུ་གང་མགྱོགས་སུ་སླར་གསོ་བྱ་རྒྱུར་མོས་མཐུན་ཡོང་བར་རེ་བ་བྱས་ཡོད་ཅེས་བཤད། 
    གཞན་ཡང་། ཕྱོགས་གཉིས་ཀས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀའི་ཞིང་ལས་དང་ཚོང་ལས། གནོད་འཚེ་སྔོན་འགོག རྨང་གཞིའི་སྒྲིག་ཆས་སོགས་ཀྱི་ཐད་ནས་མཉམ་ལས་བྱེད་རྒྱུ་སྐུལ་འདེད་གཏོང་བར་མོས་མཐུན་བྱུང་ཡོད། 
   ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡོན་ཧྥུའུ་ཀྲུང་དང་ཝེ་ཐེ་ནམ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཡོན་ཧྲི་ཅིང་ཡིང་གིས་སོ་སོར་ཅན་དབྱི་ཝེ་ལ་ཐུག་འཕྲད་བྱས་པ་རེད། 
   ཚེས་18ཉིན་ཅན་དབྱི་ཝེ་ཝེ་ཐེ་ནམ་གྱི་རྒྱལ་ས་ཧོ་ནེ་རུ་འབྱོར་ནས། ཝེ་ཐེ་ནམ་དང་ཧུན་རྡུ་ཉི་ཞི་ཡ་ལ་ཉིན་4རིང་གི་དངོས་གཞིའི་འཚམས་འདྲི་བྱེད་འགོ་བརྩམས་པ་རེད། འདི་ནི་ཁོང་ཉིད་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་འགན་འཁུར་རྗེས་ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་ཐེངས་དང་པོ་རེད། 
༄༅།།འཇར་པན་གྱི་དབུ་བཞུགས་བློན་ཆེན་ཝེ་ཐེ་ནམ་ལ་འཚམས་འདྲི་བྱས་པ།
༄༅།།འཇར་པན་གྱི་དབུ་བཞུགས་བློན་ཆེན་ཝེ་ཐེ་ནམ་ལ་འཚམས་འདྲི་བྱས་པ།