འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་16ཉིན།

༄༅༎རི་པིན་གྱི་སྨྱན་སྦྱོར་གྱིས་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱུང་བར་ཚད་མཐོའི་དོ་ཁུར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་16ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་དུ་ཐོ་ཁེའོ་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས《འཛམ་གླིང་དཔལ་འབྱོར་གྱི་མ་འོངས་སྔོན་དཔག་སྐོར་གྱི་སྙན་ཞུ》ཡོངས་བསྒྲགས་བྱས་པ་རེད། སྔོན་དཔག་བྱས་ན། 2020ལོར་ཀྲུང་གོའི་དཔལ་འབྱོར་1.9%འཕར་རྒྱུ་ཡིན་པ་དེ་ནི་གོ་ལ་ཧྲིལ་པོར་དངོས་སུ་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་འབའ་ཞིག་དེ་རེད། རི་པིན་གྱི་སྨྱན་སྦྱོར་གྱིས་དེའི་ཐད་ཚད་མཐོའི་དོ་ཁུར་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེབ་ཕོག་རྗེས་རྒྱུན་མཐུད་དང་མགྱོགས་མྱུར་ངང་སླར་གསོ་བྱུང་བའི་ངོས་འཛིན་བྱས་པ་རེད།
     རི་པིན་རླུང་འཕྲིན་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱུང་བ་དང་ཆབས་ཅིག IMFཡིས་འདི་ལོ་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་བརྒྱ་ཆའི་གྲངས་0.9ནས་1.9%བར་འཕར་རྒྱུ་དང་། ཀྲུང་གོ་ནི་རྒྱལ་ཁབ་དང་ས་ཁུལ་གཙོ་བོའི་ཁྲོད་འཕར་བཞིན་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་འབའ་ཞིག་དེ་རེད། ཀྲུང་གོ་སོགས་དཔལ་འབྱོར་དངོས་ཚན་གྱི་དཔལ་འབྱོར་བྱེད་སྒོ་སླར་གསོ་བྱུང་བཞིན་པ་དེས་IMFཡིས་འཛམ་གླིང་དཔལ་འབྱོར་འཕར་ཚད་ཀྱི་སྔོན་དཔག་ལེགས་སྒྲིག་བྱས་ཡོད།