འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་15ཉིན།

༄༅༎ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་14ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་13ཉིན་གྱི་ཆུ་ཚོད་0པ་ནས་24པའི་བར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུའི་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་མི་20གསར་དུ་བསྣན་ཡོད་ཅིང་། དེའི་ནང་ཕྱི་རྒྱལ་ནས་ཐོན་པའི་ནད་དཔེ་14(ཀོང་ཏུང་གི་ནད་དཔེ་6དང་། ཧྲང་ཧའེ་ཡི་ནད་དཔེ་5 ཧྲའན་ཞིའི་ནད་དཔེ་3)ཡོད་པ་དང་། རང་སའི་ནད་དཔེ་6(ཚང་མ་ཧྲན་ཏུང་དུ་ཡོད་པ)ཡོད། གསར་དུ་འཕར་བའི་ཚེ་འདས་ནད་དཔེ་མེད། དོགས་ཡོད་ནད་དཔེ་2གསར་དུ་འཕར་བ་དེ་དག་ཚང་མ་ཕྱི་རྒྱལ་ནས་ཐོན་པའི་ནད་དཔེ(ཚང་མ་ཧྲང་ཧའེ་རུ་ཡོད་པ)ཡིན།
     ཉིན་དེར་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་7གསར་དུ་འཕར་ཡོད། གསོ་རིག་གི་ལྟ་ཞིབ་མེད་པ་བཟོ་བའི་འབྲེལ་ཐུག་དམ་ཟབ་བྱེད་མཁན་321ཡོད་པ་དང་། ནད་དཔེ་ཚབས་ཆེན་དེ་ཉིན་སྔོན་མ་ལས་3མང་དུ་ཕྱིན་ཡོད་པ་རེད།
     ཕྱི་རྒྱལ་ནས་ཐོན་པའི་ད་ཡོད་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་229(ནད་དཔེ་ཚབས་ཆེན་མེད་པ)ཟིན་པ་དང་། དོགས་ཡོད་ནད་དཔེ་5ཡོད། རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་3050ཡོད་པ་དང་། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་2821ཡོད་ལ། ཚེ་འདས་ནད་དཔེ་ཐོན་མེད།
     ཟླ་10ཚེས་13ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུར་གཞིགས་ན། ད་ལྟ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་241(དེའི་ནང་ནད་དཔེ་ཚབས་ཆེན་4ཡོད)ཡོད། རིམ་རྩིས་བྱས་ན་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་དཔེ་80736ཡོད་པ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་4634ཡོད་པ། རིམ་རྩིས་བྱས་ན་གཏན་འཁེལ་བྱས་པའི་ནད་དཔེ་85611ཡོད་པ། ད་ལྟ་དོགས་ཡོད་ནད་དཔེ་5ཡོད། རིམ་རྩིས་བྱས་ན་འབྲེལ་ཐུག་དམ་ཟབ་བྱེད་མཁན་842832ལ་རྗེས་སྙེག་ཐུབ་པ་དང་། ད་དུང་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་འབྲེལ་ཐུག་དམ་ཟབ་བྱེད་མཁན་8912ཡོད། 
     ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་སྙན་ཞུའི་ནང་ནད་རྟགས་མེད་པའི་ནད་དཔེ་18གསར་དུ་འཕར་བ།(ཚང་མ་ཕྱི་རྒྱལ་ནས་ཐོན་པའི་ནད་དཔེ་ཡིན) ཉིན་དེར་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེར་བསྒྱུན་མཁན་7ཡོད། ཉིན་དེར་གསོ་རིག་གི་ལྟ་ཞིབ་མེད་པ་བཟོས་མཁན་16ཡོད།(ཚང་མ་ཕྱི་རྒྱལ་ནས་ཐོན་པའི་ནད་དཔེ་ཡིན) ད་དུང་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་དཔེ་381(ཕྱི་རྒྱལ་ནས་ཐོན་པའི་ནད་དཔེ་379ཡོད)ཡོད།
     རིམ་རྩིས་བྱས་ན་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ས་ཁུལ་གྱི་བརྡ་ཁྱབ་ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་5777ཡོད་པ་རེད། དེའི་ནང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་དཔེ་5201(སྨན་ཁང་ནས་ཐོན་པའི་ནད་དཔེ་4931དང་། ཚེ་འདས་ནད་དཔེ་105ཡོད) ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ནད་དཔེ་46(སྨན་ཁང་ནས་ཐོན་པའི་ནད་དཔེ་46)ཡོད། ཐའེ་ཝན་ས་ཁུལ་གྱི་ནད་དཔེ་530(སྨན་ཁང་ནས་ཐོན་པའི་ནད་པ་489དང་ཚེ་འདས་ནད་དཔེ་7)ཡོད།