འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་14ཉིན།

༄༅༎མཚོ་སྔོན་ཟི་ལིང་གིས་གྲོང་ཁྱེར་ལྗང་མདོག་ཅན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་14ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མཚོ་སྔོན་ཟི་ལིང་གིས་གྲོང་ཁྱེར་ལྗང་མདོག་ཅན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་བཏང་བ།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་སྣོད་བཅུད་སྤྱི་གླིང་སྐྲུན་པ་དང་། གྲོང་ཁྱེར་གྱི་ལྗང་མདོག་འགྲོ་ལམ་འདིང་བ། སྐྱེ་དངོས་སྣ་མང་འདེབས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས། གྲོང་ཁྱེར་སྤྱི་གླིང་གི་སྔོ་ལྗང་ས་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་བཏང་བ་དང་ཆབས་ཅིག མི་རྣམས་ལ་ལུས་སྦྱོང་དང་ངལ་གསོ་རྒྱག་ཡུལ་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད། 2019ལོའི་ལོ་མཇུག་བར། ཟི་ལིང་གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་ས་ཁྱོན་སྨི་ངོས་གྲུ་12.5ཟིན་ནས་གྲོང་ཁྱེར་སྔོ་ལྗང་ཅན་དུ་འགྱུར་ཚད་40.5%ཟིན་ཡོད། འདི་ནི་ཟི་ལིང་གྲོང་ཁྱེར་པའེ་ཧྲ་ཐང་སྤྱི་གླིང་གི་མཛེས་ལྗོངས་ཡིན་པ།