འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་12ཉིན།

༄༅༎ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ལས་གྲྭ་སྐྲུན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་12ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སྐྲུན་འགོ་ཚུགས་པའི་མཛད་སྒོ་དེ་ཉེ་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་གཉེར་བ་རེད། ལྕགས་ལམ་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་རྗེས་ཟི་ལིང་ནས་ཁྲེང་ཏུའུ་བར་འགོར་བའི་དུས་ཡུན་ཆུ་ཚོད་བཞི་དང་ཕྱེད་ཀ་ཙམ་བར་ཐུང་དུ་འགྲོ་རྒྱུ་རེད།
     ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སྤྱི་ཡོངས་ཀྱི་འཆར་འགོད་མཁས་ཅན་དང་ཀྲུང་གོ་ལྕགས་ལམ་རྩད་ཞིབ་ཇུས་འགོད་ཁང་དང་པོའི་ཚོགས་པ་ཚད་ཡོད་ཀུང་སིའི་མཐོ་རིམ་བཟོ་བཀོད་པ་ཏོན་རུང་ཁྲེང་གིས། ལྕགས་ལམ་གྱི་ལམ་ཐིག་གཙོ་བོར་སྤྱི་ལེ་836.5ཡོད་པ་དང་དེའི་ནང་གསར་དུ་སྐྲུན་དགོས་པའི་ལམ་ཐིག་སྤྱི་ལེ་502.5ཡོད་པ་དང་། ད་ལྟའི་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་26.3དེ་བསྐྲུན་ཟིན་པའི་ཁྲེང་ཏུའུ་ནས་ལན་ཀྲོའུ་ལྕགས་ལམ་གྱི་སྤྱི་ལེ་307.7ཐོག་སྤྱད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་དང་རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་ལྕགས་ལམ་དྲ་བའི་འཆར་འགོད་ཀྱི“གཞུང་བརྒྱད་འཕྲེད་བརྒྱད”མྱུར་བགྲོད་ལྕགས་ལམ་དྲ་བའི་མྱུར་བགྲོད་འགྲོ་ལམ་དང་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་16གི་དབུལ་སྐྱོར་ལྕགས་ལམ་རྣམ་གྲངས་གྲས་ཤིག་ཀྱང་ཡིན། རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་མཚོ་སྔོན་ཞིང་ཆེན་གྱི་བྱང་ཕྱོགས་ནས་ཤིན་ཅང་དང་འབྲེལ་བ་དང་ལྷོ་ཕྱོགས་ནས་སི་ཁྲོན་དུ་འབྱོར་བའི་ལྕགས་ལམ་སྐྱེལ་འདྲེན་གྱི་བགྲོད་ལམ་ཆེན་པོ་ཞིག་ཤར་གཏོང་ཐུབ་ནས་མཚོ་སྔོན་དང་ནུབ་བྱང་ལྕགས་ལམ་དྲ་བ་དང་། ལྷོ་ནུབ་ལྕགས་ལམ་དྲ་བ། ཧྭ་ལྷོ་ལྕགས་ལམ་དྲ་བ་བཅས་མཉམ་འབྲེལ་མཉམ་མཐུད་ཐུབ་རྒྱུ་རེད།
     རྣམ་གྲངས་སྐྲུན་ཟིན་རྗེས། རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་ལྕགས་ལམ་དྲ་བའི་བཀོད་པ་ལེགས་སུ་གཏོང་བ་དང་། ནུབ་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མི་འདང་ས་གསབ་པ། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་རྨང་གཞིའི་སྒྲིག་བཀོད་དམིགས་འབྱོར་ཐུབ་ཚད་དང་། ཤར་བགྲོད་རང་བཞིན། དོ་སྙོམས་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་འགྲོ་བ། ལན་ཀྲོའུ་ནས་ཤིས་ཨན་བར་གྱི་ཡུག་འབྲེལ་གྲོང་ཚོགས་དང་ཁྲེང་ཏུའུ་ནས་ཁྲུང་ཆིང་བར་གྱི་ཡུག་འབྲེལ་གྲོང་ཚོགས་ཀྱི་སྤེལ་རེས་ལ་ཤུཌ་སྣོན་ཐེབས་པ་བཅས་ཐུབ་ནས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཞིག་མཁོ་འདོན་ཐུབ་རྒྱུ་རེད།