འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་12ཉིན།

༄༅༎བོད་ལྗོངས་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གིས་བཅིངས་འགྲོལ་ཐོབ་ནས་ལོ་ངོ་70
འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་10ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་10ཚེས་9ཉིན་པར་བླངས་པའི་བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་བྱས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོག་ཡུལ་ཡིན། ཉིན་དེར་བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་བྱས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཆབ་མདོ་གྲོང་ཁྱེར་དུ་འཚོགས་པ་རེད།

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། སྟོན་ཟླ་10པར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་ཀུན་ལ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་དགའ་སྤྲོ་ཆེ་བའི་དུས་ཆེན་གྱི་རྣམ་པས་ཁེངས། ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐད་གསང་མཐོན་པོའི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཞིག་ཆབ་མདོ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ལུས་རྩལ་ཐང་དུ་དལ་བུར་བསྒྲེངས་པ་དང་། ཆབ་མདོ་བཅིངས་འགྲོལ་བྱས་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
     1950ལོའི་ཟླ་10ཚེས་19ཉིན། བོད་ལྗོངས་ཤར་རྒྱུད་ཀྱི་གནའ་གྲོང་ཆབ་མདོ་ནས་བཅིངས་འགྲོལ་ཐོབ་པའི་ཁྱབ་བསྒྲགས་བྱས་ཏེ་བོད་ལྗོངས་སུ་དཔུང་སྐྱོད་བྱེད་པའི་སྒོ་མོ་ཕྱེས། ཆབ་མདོ་བཅིངས་འགྲོལ་བཏང་བ་དེས་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་རྨང་གཞི་བཏིང་བ་དང་བོད་ལྗོངས་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད་ཡོད།
     ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆབ་མདོར་སྤྲོ་སེམས་རབ་ཏུ་འཁོལ་བའི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པས་ཆབ་མདོ་གྲོང་ཁྱེར་ལ“ལོ་བདུན་ཅུའི་རིང་འོད་སྟོང་འབར་བའི་མཛད་རྗེས་བཞག དུས་རབས་གསར་པར་སླར་ཡང་ལེའུ་གསར་པ་རྩོམ”ཞེས་པའི་རྟེན་འབྲེལ་བྱང་བུ་སྤྲད་པ་རེད།
     རྟེན་འབྲེལ་ཚོགས་ཆེན་ཐོག་ཡར་ལངས་ཞིང་བྲན་དང་། ལས་བྱེད་པ་རྒན་གྲས། གཞོན་ནུ་ལོ་ཆུང་གི་སློབ་མའི་འཐུས་ཚབདང་དེ་བཞིན་འབྲེལ་ཡོད་འགོ་ཁྲིད་ཀྱིས་ གཏམ་བཤད་སྤེལ་བ་རེད། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་སྤོ་ཐོག་གྲོང་ཚོའི་གྲོང་མི་ངག་དབང་རྒྱལ་མཚན་གྱིས“ཞིང་བྲན་གྱི་མི་རབས་རྗེས་མ་ཞིག་ཡིན་པའི་ཆ་ནས། ང་རང་སྤྱི་ཚོགས་གསར་པར་སྐྱེས་པར་ཧ་ཅང་དགའ་པོ་བྱུང་། ང་ཚོའི་གྲོང་ཚོའི་ཁྱིམ་ཚང་ཚང་མ་སྡོད་ཁང་གསར་པར་བསྡད་ཡོད། རླངས་འཁོར་དང་སྦག་སྦག་འཁོར་ལོ། བརྙན་འཕྲིན། འཁྱགས་སྒམ། ཁ་པར། གློག་ཀླད་སོགས་ཕྱིར་སྐྱོད་ཡོ་བྱད་དང་འཚོ་བའི་གློག་ཆས་གང་དགོས་ཚང་མ་ཡོད་པ་དང་། བདེ་སྐྱིད་འཚོ་བ་སྦྲང་རྩི་ལས་ཀྱང་མངར”ཞེས་བརྗོད།
     ངར་ཉམས་ལྡན་པའི་རྔ་སྒྲ་དང་རྔམ་བརྗིད་ལྡན་པའི་རོལ་དབྱངས་དང་བསྟུན་ནས། རྫོང(ཆུས)11ཚུད་པའི་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས། ཚོན་ལྡན་རླངས་འཁོར་དང་དེ་བཞིན་རུ་སྟར་གྲུ་བཞི་23གྲུབ་ནས་མདུན་སྐྱོད་རྣམ་པའི་འཁྲབ་སྟོན་བྱས་ཏེ་ལོ་རྒྱུས་རང་བཞིན་གྱི་དུས་འདིར་དགའ་སྤྲོའི་ངང་རྟེན་འབྲེལ་ཞུས་པ་རེད།
     རྟེན་འབྲེལ་ཚོགས་ཆེན་ཐོག ད་དུང་མང་ཚོགས་ཀྱི་གླུ་གར་འཁྲབ་སྟོན་ཆེ་གྲས་བྱས་ཏེ། “དར་དམར”དང“ངོ་མཚར་ཆེ་བའི་ཆབ་མདོར་ཕྱིར་མིག་ལྟ་བ”དང་། “བདེ་སྐྱིད་ལྡན་པའི་ཆབ་མདོར་གླུ་དབྱངས་ལེན” “འཕོ་འགྱུར་གྱི་ཆབ་མདོར་དཔང་པོ་བྱེད” “མཛེས་སྡུག་ལྡན་པའི་ཕྱོགས་སུ་སྐྱོད་པ”སོགས་ཀྱི་ལེའུ་དང་ས་བཅད་དབྱེ་ནས། ཆབ་མདོ་བཅིངས་འགྲོལ་བྱས་པའི་ལོ་རྒྱུས་རི་མོ་བསྐྱར་དུ་མངོན་པ་དང་། ཆབ་མདོར་བཅིངས་འགྲོལ་བྱས་ནས་ལོ་ངོ་70སོང་རིང་བྱུང་བའི་འགྱུར་ལྡོག་ཆེན་པོ་མངོན་ནས་རླབས་ཆེན་གྱི་དུས་རབས་གསར་པར་བསྟོད་གླུ་ཕུལ་བ་རེད།
     བཅིངས་འགྲོལ་བྱས་ནས་ལོ་ངོ་70རིང་། ཆབ་མདོར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ལ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་539འཕར་བ་དང་། ཞིང་འབྲོག་པའི་ཡོང་འབབ་ལྡབ་525འཕར་ཡོད། རྫོང་དབུལ་པོ་དང་མང་ཚོགས་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་དེ་དབུལ་སྒྲོལ་ཐུབ་ནས་སྤྱི་ཚོགས་བྱ་གཞག་ཡར་ངོས་ཟླ་ལྟར་འཕེལ་རྒྱས་ཕྱིན་ཡོད། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ཡག་པོ་བྱུང་བ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།