འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་30ཉིན།

༄༅༎ཕྱི་འབྲེལ་པུས་ཨ་རིའི་ཁྲིམས་ཁང་གིས་TikTokཡི་སྲིད་འཛིན་བཀའ་རྒྱ་གནས་སྐབས་ནར་འགྱངས་
ལག་བསྟར་བྱ་རྒྱུའི་ཁྲུན་ཐག་བཅད་པར་ལན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་ཁོ་ལུན་པི་ཡའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་འདར་སྒྲའི་ཕྱི་རྒྱལ་པར་གཞི(TikTok)སྐོར་གྱི་ཨ་རིའི་སྲིད་གཞུང་གི་ཕབ་ལེན་བཀག་རྒྱ་གནས་སྐབས་སུ་ནར་འགྱངས་བྱ་རྒྱུའི་ཁྲུན་ཐག་བཅད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས་28ཉིན་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
     ཝང་ཝུན་པིན་གྱིས་དེ་ཉིན་གྱི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་རྒྱ་ཁྱབ་ཏུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱད་དེ་རྒྱལ་ཁབ་གཞན་གྱི་ཁེ་ལས་ལ་བཙན་གནོན་བྱེད་པའི་བྱ་སྤྱོད་ལ་སྔ་ཕྱི་བར་གསུམ་དུ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཁྲོམ་རའི་དཔལ་འབྱོར་དང་དྲང་གཞག་འགྲན་རྩོད་ཀྱི་རྩ་དོན་ལ་བརྩི་འཇོག་ཏན་ཏིག་བྱེད་པ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ནས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཨ་རིར་མ་འཇོག་གཉེར་སྐྱོང་ལ་དྲང་གཞག་དང་། དྲང་བདེན། སྒོ་དབྱེ། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།