འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎རང་རྒྱལ་གྱི་རིག་གནས་ཁྲོམ་ར་དང་ཡུལ་སྐོར་ཁྲོམ་ར་གཉིས་ཀ་སླར་གསོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱས་པར། ཏོག་གསར་གློ་ཚད་རིམས་ནད་ནུས་ལྡན་ངང་ཚོད་འཛིན་ཐུབ་པ་བརྒྱུད། རང་རྒྱལ་གྱི་རིག་གནས་ཁྲོམ་ར་དང་ཡུལ་སྐོར་ཁྲོམ་ར་གཉིས་ཀ་སླར་གསོ་བྱུང་བ་དང་། ཟློས་གར་ཁང་ཕྱེད་ཀ་ཡན་སྒོ་ཕྱེ་བ་དང་། འཁྲབ་སྟོན་སླར་གསོ་བྱུང་ཚད་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་8ཙམ་ཟིན་པ་དང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་སླར་གསོ་བྱུང་ཚད་75.72%ཟིན་ཡོད་པ་རེད།
     ཟླ་9ཚེས་27ཉིན་རིག་གནས་དང་ཡུལ་སྐོར་པུས་པེ་ཅིང་དུ་དུས་ཚིགས་གསུམ་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིག་གནས་དང་ཡུལ་སྐོར་སླར་གསོ་དང་ཐོན་སྐྱེད་སླར་གསོ། ལས་རིགས་སླར་གསོ་བཅས་ཀྱི་གནས་ཚུལ་དང་དེ་བཞིན་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
     རིག་གནས་དང་ཡུལ་སྐོར་པུའི་ཐོན་ཁུངས་གསར་སྤེལ་སིའི་སི་ཀྲང་གཞོན་པ་ཁྲན་ཀང་ཤིན་གྱིས་མིག་སྔའི་གནས་ཚུལ་ལ་བལྟས་ན། ལས་རིགས་སླར་གསོ་དང་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་རྣམ་པ་ཐོན་ཡོད་ཅེས་བཤད། ཚོད་རྩིས་བྱས་པར་གཞིགས་ན། དུས་ཚིགས་གཉིས་པར་རྒྱལ་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཟླ་བསྡུར་ལས་158.7%འཕར་བ་དང་ཡོང་འབབ་ཟླ་བསྡུར་ལས་131.7%འཕར་ཡོད། དུས་ཚིགས་གསུམ་པར། རྒྱལ་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ན་ནིང་གི་དུས་མཚུངས་ལས་བཅུ་ཆ་7ཙམ་ཟིན་པ་དང་ས་གནས་ཁག་གཅིག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་ན་ནིང་གི་དུས་མཚུངས་ཀྱི་ཆུ་ཚད་དང་མཉམ་ཡོད་པ་རེད། ཡུལ་སྐོར་སྤྲོ་གསེང་ཁུལ་ཐད། ཚོད་རྩིས་བྱས་པར་གཞིགས་ན། དུས་ཚིགས་གཉིས་པར་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་གསེང་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཟླ་བསྡུར་ལས་247.7%འཕར་བ་དང་ཡོང་འབབ་ཟླ་བསྡུར་ལས་144.6%འཕར་ཡོད། ཟླ་7པ་ནས་8པའི་བར་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྲོ་གསེང་ཁུལ་ཚང་མ་སྒོ་ཕྱེ་ནས་སྣེ་ལེན་ཞུས་པའི་མི་གྲངས་དང་ཡོང་འབབ་ན་ནིང་གི་བཅུ་ཆ་9ཙམ་བར་སླར་གསོ་བྱུང་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་ཐད། ཚོད་རྩིས་བྱས་པར་གཞིགས་ན། དུས་ཚིགས་གཉིས་པར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཟླ་བསྡུར་ལས་106.3%འཕར་ཡོད་པ་དང་། སྤྱིའི་ཡོང་འབབ་ཟླ་བསྡུར་ལས་148.8%འཕར་ཡོད། ཟླ་7པ་ནས་8པའི་བར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་སྣེ་ལེན་ཞུས་པའི་མི་གྲངས་དང་སྤྱིའི་ཡོང་འབབ་ཚང་མ་ལོ་གོང་མའི་དུས་མཚུངས་ཀྱི་བཅུ་ཆ་9ལྷག་ཙམ་བར་སླར་གསོ་བྱུང་བ་དང་ལས་ཞུགས་མི་སྣའི་གྲངས་འབོར་སྤྱིར་ན་ནིང་གི་དུས་མཚུངས་ཀྱི་ཆུ་ཚད་དུ་སླེབས་ཡོད།
     རིག་གནས་ཁྲོམ་རའི་ཐད་དྲ་ཐོག་དང་དྲ་ཕྱི་གཉིས་ནས་སྐུལ་འདེད་བཏང་ཞིང་། ཟླ་9ཚེས་24ཉིན་བར་རྒྱལ་ཡོངས་སུ་ཁྱོན་ཟློས་གར་ཁང་1162སྒོ་ཕྱེ་བ་དེས་བསྡོམས་འབོར་གྱི་53.87%བཟུང་ཡོད། ཟླ་5ཚེས་12ཉིན་འཁྲབ་སྟོན་སླར་གསོ་བྱ་རྒྱུའི་ཞིབ་མཆན་ཐོབ་ཚུན། རིམ་ཁག་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཚན་གྱིས་རིམ་རྩིས་བྱས་ན་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཁག་ཐེངས་11638ལ་ཞིབ་མཆན་བཀོད་པ་དེ་ན་ནིང་གི་དུས་མཚུངས་ལས་77.43%ཟིན་ཡོད།