འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎མཚོ་སྔོན་གྱི་རྨ་ཆུའི་སྤུས་ཚད་ལེགས་པའི་རིམ་པར་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ། འདམ་ར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་གི་སྣོད་བཅུད་སླར་གསོར་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱེད་ཐབས་མང་པོ་ལག་ལེན་བསྟར་བ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྣོད་བཅུད་ཀྱི་ཆུ་རྩ་གསོ་ཁུལ་སྲུང་སྐྱོང་ཡག་པོ་བྱུང་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོ་ཚུན་དུ་ཞིང་ཆེན་གྲོལ་བའི་རྨ་ཆུའི་སྤུས་ཚད་ལེགས་པའི་རིམ་པར་སླེབས་ཡོད་པ་རེད།
     སྤྱི་ལེ་1600ལྷག་ཙམ་ཡོད་པའི་ཞིང་ཆེན་མངའ་ཁོངས་ཀྱི་རྨ་ཆུའི་ཆུ་གཞུང་དུ་མཚོ་སྔོན་གྱིས་བྱང་གསུམ་འགོག་སྲུང་ནགས་ཚལ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྨོ་བསྐྱུར་ནགས་གསོ། གཙང་གསུམ་ཆུ་འགོའི་དུས་ཐེངས་གཉིས་པ་སོགས་གཙོ་གནད་སྣོད་བཅུད་འཛུགས་སྐྲུན་འདུ་འགོད་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། ལྷག་པར་དུ་2017ལོར་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་མྱུར་ཚད་མགྱོགས་སུ་གཏོང་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཚུན་ཁྱོན་སྤྱི་ཆིངས་ཁྲི་80ལེགས་སྒྲུབ་བྱས་ཡོད། རྨ་ཆུའི་སྟོད་རྒྱུད་རྒྱུག་ཁུལ་དུ་ནགས་གསོ་སྤྱི་ཆིངས་ཁྲི་85.7བྱས་ཡོད། རྨ་ཆུའི་སྟོད་རྒྱུད་རྒྱུག་ཁུལ་དུ་ནགས་ཚལ་ཁྱབ་ཚད་18.5%ཟིན་ནས། གཙོ་གནད་བྱེ་ཁུལ་དུ“བྱེ་རླུང་འདང་ན་མི་བྲོས་པ”ནས“སྔོ་ལྗང་བཏབ་ནས་བྱེ་རླུང་འཇགས་པའི”བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མངོན་འགྱུར་བྱུང་ཡོད།