འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎བོད་ལྗོངས་ལྷོ་ཁའི་སྣོད་བཅུད་གནས་སྤོ་བྱ་ཡུལ་དུ་ཀུ་ཤུའི་ཐོན་འབབ་ཡག་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་ལྗོངས་ལྷོ་ཁའི་སྣོད་བཅུད་གནས་སྤོ་བྱ་ཡུལ་དུ་ཀུ་ཤུའི་ཐོན་འབབ་ཡག་པོ་བྱུང་བ།
     འབྲས་ལྡན་དུས་ཚིགས་འཆར་བའི་སྐབས་སུ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་སྲིན་བུ་རིའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ཉེ་འགྲམ་གྱི་མུའུ་སྟོང་གི་ཀུ་ཤུ་འདེབས་འཛུགས་གླིང་དུ་ཐོན་འབབ་ཡག་པོ་བྱུང་ཞིང་། ཀུ་ཤུ་འདེབས་འཛུགས་གླིང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་གྱི་དཔལ་འབྱོར་ནགས་ཤིང་འདེབས་འཛུགས་རྟེན་གཞིའི་རྣམ་གྲངས་ཀྱི་ཆ་ཤས་ཤིག་རེད། མིག་སྔར་བོད་ལྗོངས་ཁང་ཕྱི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་དོ་དམ་གཉེར་སྐྱོང་བྱ་རྒྱུའི་མངག་བཅོལ་བྱས་པ་དང་གླིང་དེའི་ཡོང་འབབ་ཀྱི་65%ཁེ་སྤོགས་ཀྱི་ཐོག་ནས་གནས་སྤོས་མང་ཚོགས་ཚོར་སྤྲོད་རྒྱུ་རེད། འདི་ནི་ཉེ་ཆར་བོད་ལྗོངས་ཁང་ཕྱི་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་རྩལ་པས་གནས་སྤོས་མང་ཚོགས་ཚོར་ལྡུམ་རའི་འདེབས་འཛུགས་ལག་རྩལ་འགྲེལ་བཤད་རྒྱག་བཞིན་པ།