འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་28ཉིན།

༄༅༎གཟི་རྩ་སྡེ་དགུའི་མེ་སྟག་མཚོ་རྒྱལ་སྟོན་གྱི་སྔོན་ལ་སྒོ་དབྱེ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་28ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
སླར་གསོ་བྱས་རྗེས་ཀྱི་མེ་སྟག་མཚོ།
སླར་གསོ་བྱས་རྗེས་ཀྱི་མེ་སྟག་མཚོ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་27ཉིན། གསར་འགོད་པས་གཟི་རྩ་སྡེ་དགུའི་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁུལ་གྱི་མེ་སྟག་མཚོའི་མཛེས་ལྗོངས་ཁུལ་རྒྱལ་སྟོན་གྱི་སྔ་ནུབ་ཏུ་ཡུལ་སྐོར་བར་སྒོ་དབྱེ་རྒྱུ་ཡིན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། མེ་སྟག་མཚོ་དེ་2017ལོའི་ཟླ་8ཚེས་8ཉིན་གཟི་རྩ་སྡེ་དགུ་ཡི་ས་ཡོམ་རིམ་པ་7.0ནང་རགས་ཁ་ཤོར་ནས་རིང་ཚད་སྨི་40དང་། ཞེང་ཚད་སྨི་12 མཐོ་ཚད་སྨི་15བཅས་ཀྱི་རགས་ཁ་ཤོར་ཏེ་མཚེའུའི་ཡུལ་ལྗོངས་མེད་པར་གྱུར། དེའི་ཤུགས་རྐྱེན་ཐེབས་པས། མེ་སྟག་མཚོ་སྟོད་རྒྱུད་ཀྱི་རིམ་བརྩེགས་རྦབ་ཆུའི་ཆུ་རགས་ལ་གས་སྲུབས་དང་རྡིབ་པ་སོགས་ཞོར་ཐོན་གནོད་འཚེ་ཐོན་ནས་མཚོ་ཁྱུའི་རགས་ཁ་ཤོར་བའི་ཉེན་ཁ་ཆེ་རུ་ཕྱིན་ཏེ་ས་གནས་དེ་གའི་ཡུལ་མི་དང་ཡུལ་སྐོར་བའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་ཐེབས་པ་དང་། མཚེའུ་ཞབས་ཀྱི་ཀལ་ཧྭ་རྡིབ་པ་དང་། རླུང་འགྱུར་བ། བྱེ་མར་འགྱུར་བ། ནག་པོར་འགྱུར་བ་བཅས་ཀྱི་ཞན་འགྱུར་གནས་ཚུལ་ཚབས་ཆེ་བ། སྨད་རྒྱུད་མཚེའུ་རུ་ཕུང་གསོག་ཐེབས་པ་དང་། འདམ་རྫབ་ཅན་དུ་གྱུར་ཚུལ་མངོན་གསལ་དོད་པོ་བཅས་བྱུང་བས། ཤུལ་ལུས་ཐོན་ཡུལ་གྱི་མཛེས་དཔྱོད་རིན་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། 
     མི་རྣམས་ཀྱི་རྒྱུ་ནོར་བདེ་འཇགས་དང་འཛམ་གླིང་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་ཕྱོགས་བསྡུས་བསམ་གཞིགས་ཐོག་ནས། གཟི་རྩ་སྡེ་དགུ་དོ་དམ་ཅུས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཐེངས་མང་བྱས་ནས་མེ་སྟག་མཚོའི་ཡོམ་སྐྱོན་ཁུལ་དུ་ཡུལ་དངོས་ཀྱི་བརྟག་ཞིབ་དང་། ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ། ཇུས་གཞི་དཔྱད་འདེམས་བཅས་བྱས་ཏེ། 2019ལོའི་ཟླ་4པར་ཁྲེང་ཏུའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱིས་རྣམ་གྲངས་ལག་བསྟར་སྣེ་ཁྲིད་ཚན་པ་བྱས་ནས་སྤྱིའི་ཆ་ནས་མེ་སྟག་མཚོའི་སྲུང་སྐྱོང་ལས་དོན་ལ་འགན་འཁུར་རྒྱུ་དང་། སི་ཁྲོན་སློབ་ཆེན་དང་སི་ཁྲོན་ཞིང་ལས་སློབ་ཆེན་ནི་ཐེ་ཞུགས་ཚན་པ་བྱས་ནས་སོ་སོས་རྣམ་གྲངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གདེང་འཇོག་དང་སྔོ་ཁེབས་སྣོད་བཅུད་སླར་གསོ་བྱེད་པའི་འགན་འཁུར་རྒྱུ་དངོས་སུ་གཏན་འཁེལ་བྱས་པ་རེད། གཟི་རྩ་སྡེ་དགུ་དོ་དམ་ཅུས་དང་རྣམ་གྲངས་ཚོགས་ཆུང་གིས“རང་བྱུང་ངང་སླར་གསོ་བྱ་རྒྱུ་གཙོ་བོར་འཛིན་པ་དང་། མིའི་ཐབས་ཀྱིས་ཐེ་གཏོགས་བྱེད་པ་ཕལ་པར་འཛིན་པ”རྩ་དོན་གྱི་མཛུབ་སྟོན་དུ་བྱས་ཏེ། ཆང་འབྲས་ཀྱི་ཐལ་ཁུ་དང་། ཡོམ་སྐྱོན་ཀལ་ཧྭ་དང་གས་རྡིབ་རྡོ་སོགས་རྒྱུ་ཆ་གཙོ་བོ་བྱས་པའི་ཉམས་གསོ་སླར་གསོའི་ལག་རྩལ་ཇུས་གཞི་གཏན་འབེབས་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ལྟེ་གནས་དང་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་ཁས་ལེན་གང་ལེགས་ཐོབ་ཡོད། “ཚན་རིག་ཞིབ་འཇུག་ཚོད་ལྟ། ཚན་རིག་ལྟ་ཞིབ་ཚད་ལེན། ཚན་རིག་ཁྱབ་གདལ་སློབ་གསོ”བཅས་ཕྱོགས་གསུམ་གཞི་གཅིག་གི་ལག་བསྟར་བྱེད་སྟངས་ལྟར། ཞོར་ཐོན་གནོད་འཚེ་ཐག་གཅོད་བྱས་པ་དང་ཡོམ་སྐྱོན་ཆུ་རགས་དང་སྔོ་ཁེབས་སྣོད་བཅུད་སླར་གསོ་བྱས་ཡོད།
     ཉེ་ཆར། རྒྱལ་ནང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཡུལ་དངོས་ལ་བརྟག་ཞིབ་བྱས་ནས་རྣམ་གྲངས་དེ་གནོད་འགོག་གེགས་སེལ་ཐད་ཀྱི་སྔོན་དཔག་གི་ནུས་པ་ཐོན་ཡོད་པའི་ངོས་འཛིན་བྱས། ལྷག་པར་དུ་ད་ལོའི་ཟླ་8པར། བསྟུད་མར་ཆར་བ་བབས་རྐྱེན་གཟི་རྩ་སྡེ་དགུ་རྫོང་ལ་ལོ་བརྒྱའི་རིང་གི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐེབས་ཤིང་། འབྲུབ་འགོག་འཕྲལ་སྡོམ་དང་ལེན་རིམ་པ་Iབར་རིམ་པ་སྤར་ཡོད། ས་ཆ་མང་པོར་རི་ཉིལ་བ་དང་། ས་རྡིབ་པ། འགྲོ་ལམ་ལ་ཆུ་གསོག་པ་བཅས་ཀྱི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། མེ་སྟག་མཚོའི་ཉམས་གསོ་ཆུ་རགས་བརྟན་པོ་བྱུང་ཡོད་ཅིང་། སྙོམས་སྒྲིག་གི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་པས་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱི་ཁས་ལེན་གང་ལེགས་ཐོབ་ཡོད།
སླར་གསོ་བྱས་རྗེས་ཀྱི་མེ་སྟག་མཚོ།
སླར་གསོ་བྱས་རྗེས་ཀྱི་མེ་སྟག་མཚོ།
སླར་གསོ་བྱས་རྗེས་ཀྱི་མེ་སྟག་མཚོ།
སླར་གསོ་བྱས་རྗེས་ཀྱི་མེ་སྟག་མཚོ།