འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་24ཉིན།

༄༅༎ཁྲེང་ཏུའུ་ཡི་2021ལོའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་
གྲ་སྒྲིག་ལས་དོན་དུས་ཐོག་དང་བརྟན་པོའི་ངང་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་24ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། སློབ་གསོ་པུའི་ལུས་རྩལ་འཕྲོད་བསྟེན་དང་སྒྱུ་རྩལ་སློབ་གསོ་སིའི་སི་ཀྲང་ཝང་ཏེང་ཧྥོང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་22ཉིན་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག ཁྲེང་ཏུའུ་ཡི་2021ལོའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་དུས་ཐོག་དང་བརྟན་པོའི་ངང་སྤེལ་བཞིན་ཡོད་ཅེས་བརྗོད་པ་རེད།
     ཝང་ཏེང་ཧྥིང་གིས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་སློབ་གསོ་པུའུ་སོ་སོས་ལས་བྱེད་པ་མངགས་ནས་ཁྲེང་ཏུའུ་གྲོང་ཁྱེར་སྲིད་གཞུང་དང་ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ལག་བསྟར་ཨུ་ལྷན་དུ་གནས་སྦྱར་ལས་སྒྲུབ་བྱེད་དུ་བཅུག་སྟེ། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཁྱོན་ཡོངས་ནས་ཞུགས་པ་དང་། འབྲེལ་ཡོད་པུའུ་ཨུད་ཀྱིས་ཀྱང་ཁྲེང་ཏུའུ་ལ་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྒྲུབ་རོགས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།