འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་21ཉིན།

༄༅།།མཚོ་སྔོན་མཚོ་ནུབ་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕྱིར་གཏོང་བྱས་ནས་འགྲུལ་ཁུངས་ནང་
འདྲེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་21ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་རིག་གནས་དང་། ལུས་རྩལ། ཡུལ་སྐོར། རླུང་འཕྲིན་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོ་མཚོ་ནུབ་ཀྲོའུ་ཡིས་གནད་སྨིན་ཚོང་གཉེར་བྱས་པ་བརྒྱུད་རིག་ནུས་ལག་རྩལ་སྤྱད་དེ་ཐབས་ལམ་མང་པོ་དང་། བྱེད་ཐབས་མང་པོ། ཟུར་ཚད་མང་པོ་བཅས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕྱིར་གཏོང་དང་འགྲུལ་ཁུངས་ནང་འདྲེན་བྱས་ཏེ་མཚོ་ནུབ་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།
    པེ་ཅིང་ཀྲུང་ཧུའེ་ཐང་ཆེན་དང་། ཧྥུའུ་ལིས་ཐང་ཆེན། འཛམ་གླིང་ཚོང་དོན་ཐེན་ཅེ་སོགས་ལྟེ་བའི་ཚོང་ཚོམས་དང་། འགྲིམ་འགྲུལ་གྱི་ལྟེ་གནས། མི་རྒྱུན་དང་འཁོར་རྒྱུན་མང་ས་བཅས་ཀྱི་འདུ་འཛོམས་ཁུལ་7གྱི་LEDབརྙན་ལམ་ཐོག་མཚོ་ནུབ་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་བརྡ་ཆ་བསྟན་ནས་གནད་སྨིན་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཀྱི་གཉེར་ཚོང་བྱས་ཏེ། ཚྭ་འདམ་གཤོངས་སའི་ཡིད་དབང་འཕྲོག་པའི་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་བསྟན་ཏེ“མེས་རྒྱལ་གྱི་ནོར་གཞོང·ངོ་མཚར་ཆེ་བའི་ཚྭ་འདམ་གཤོངས་སའི”ཡུལ་སྐོར་སྤུས་རྟགས་ཀྱི་གཟུགས་བརྙན་མངོན་པར་བྱས་ཡོད། དྲིལ་བསྒྲགས་མཉམ་སྟོན་བྱེད་རིང་། སྨྱན་སྦྱོར་ཁྱབ་ཚད་74.8%ཟིན་པ་དང་ཉིན་རེར་ལྟ་མཁན་ཆ་སྙོམས་མི་704505དང་གཟའ་འཁོར་རེར་ཆ་སྙོམས་ཐེངས་གྲངས་3.1ལྷག་ཙམ་ཁྱབ་ཡོད། དེ་དང་དུས་མཚུངས“མཁའ་འགྲུལ+ཡུལ་སྐོར”གྱི་རྣམ་པ་གསར་པ་བཏོད་དེ་དུས་དེབ《གསའི་རིག་གནས་ཡུལ་སྐོར་གྱི་དཔྱད་ཡིག་ཆ་འཕྲིན+མཛེས་སྡུག་ལྡན་པའི་མཚོ་སྔོན》དང《ཤར་ཕྱོགས་ཀྱི་ཡུལ་སྐོར》སོགས་གཉེར་ཡོད། མཚོ་ནུབ་ཀྲོའུ་ཡིས་ད་དུང་གནམ་ཐང་དང་མེ་འཁོར་བབས་ཚུགས་སོགས་སྤྱི་པའི་འདུ་གནས་དང་དེ་བཞིན་རིག་གནས་ཁང་ཁག་ནང“ཚྭ་འདམ་གཤོངས་སར་སྤྲིན་ཚོམ་ཡུལ་སྐོར་བྱེད”ཅེས་པའི་AIརིག་ནུས་ཡུལ་སྐོར་ཕྱོགས་སྟོན་གཞི་གཅིག་ཅན་གྱི་འཕྲུལ་ཆས་བཞག་སྟེ། མི་ཐབས་རིག་ནུས་ལག་རྩལ་སྤྱད་ནས་མ་ལག་སོ་སོར་ཁ་ཐོར་བའི་གཞི་གྲངས་སྡེབ་སྒྲིག་ནུས་ལྡན་བྱས་པ་རེད། ཡུལ་སྐོར་བར་སྟབས་བདེའི་རིག་ནུས་འགྲོ་སྐྱོད་འོས་སྦྱོར་ཞབས་ཞུ་མཁོ་འདོན་བྱས་ནས་ཡུལ་སྐོར་བས་ལག་ཁྱེར་སྒྲིག་ཆས་གང་ལའང་མ་བརྟེན་པར་སྟབས་བདེ་ཞིང་མྱུར་བའི་སྒོ་ནས་མཚོ་ནུབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དེ་བས་མང་བ་ཤེས་རྟོགས་ཐུབ་པར་བྱས་པ་རེད། “ཚྭ་འདམ་གཤོངས་སར་སྤྲིན་ཚོམ་ཡུལ་སྐོར་བྱེད”ཅེས་པའི་ནང་མཚོ་ནུབ་ཀྲོའུ་ཡི་གཙོ་གནད་མཛེས་ལྗོངས་ཁུལ་དང་། ཁྱད་ལྡན་ཁྲོམ་གཞུང་། རིག་གནས་ལུས་རྩལ་ཁང་བཅས་མང་ཆེ་བ་དང་དེ་བཞིན་གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་ཀྱི་ནང་དོན་ཚུད་ཡོད། ལས་སྟེགས་དེ་སྤྱོད་འགོ་ཚུགས་ཚུན་སྤྱོད་མཁན་མི་ཐེངས་ཁྲི་18ལས་བརྒལ་ཡོད་པ་རེད།