འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་16ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས།《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་
བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་
གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་16ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནང་དོན་གཙོ་བོར་བྱེད་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བས། རིགས་གཞུང་སློབ་སྦྱོང་ལ་སྦྱངས་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ཐོབ་པ། ལས་བརྩོན་གསར་གཏོད་ཀྱི་འགན་འཁུར་ཕོད་པ། དམངས་ཕན་ཞབས་ཞུས་དཀའ་གནད་སྒྲོལ་བ། གཞུང་དྲང་སྤྱོད་གཙང་གིས་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་ལེགས་འགྲུབ་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་པ་བཅས་ཀྱི་ཆེད་དུ། ད་ལྟ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་ལ་བསམ་འཆར་འདོན་རྒྱུ་གཤམ་གསལ།
    གཅིག་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་དགོས། གཉིས་ནས། ཕུགས་བསམ་དང་དད་སེམས་སློབ་གསོ་དང་ཏང་གཤིས་སློབ་གསོར་ཤུགས་སྣོན་རྒྱག་དགོས། གསུམ་ནས། རྟག་ཏུ་ཆབ་སྲིད་ཀྱི་ཞིབ་བཤེར་བྱེད་དགོས། བཞི་ནས། ཏང་ཡོན་དང་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལྔ་ནས། གཙོ་གནད་དང་དཀའ་གནད་སེལ་བའི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། དྲུག་ནས། རྒྱུན་སྲིང་ལྷོད་མེད་ངང་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས། བདུན་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། བརྒྱད་ནས། ཆེད་དོན་བཅོས་སྒྲིག་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་དགོས། དགུ་ནས། ཏང་ཡོན་དང་ལས་བྱེད་པར་སྒྲིག་བཀུར་ཁྲིམས་སྲུང་དང་སྤྱོད་གཙང་སྲིད་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས།
    ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་འཁུར་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྒྱུར་འཕེལ་བརྟན་གསུམ་སོགས་ཕྱོགས་ཁག་གི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་ཟུང་འབྲེལ་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ལས་འགན་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་དགོས། 
   དཔྱད་ཞིབ་དང་ཚོད་སྐོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བསམ་འཆར་ལ་ཉན་པ་དང་སྐབས་བསྟུན་རྩད་གཅོད་དང་ཚད་ལེན་ཚོད་ལྟ་བྱས་པ་བརྒྱུད། ཏང་ཡོན་དང་མང་ཚོགས་ཀྱི་གདེང་འཇོག་ཤེས་རྟོགས་བྱས་ནས། ལྷག་པའི་མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས། གོང་རིམ་ཏང་རྩ་འཛུགས་ཀྱིས་མི་སྣ་མངགས་ནས་འོག་རིམ་ཏང་རྩ་འཛུགས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་སོགས་ལ་ཟུར་ཞུགས་བྱེད་དུ་བཅུག་སྟེ་མཛུབ་ཁྲིད་ཞིབ་ཕྲ་བྱེད་ཤུགས་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་ཏེ་རང་ངོས་ལ་དམ་འཛིན་བྱེད་དགོས་ལ་འོག་རིམ་ལའང་དམ་འཛིན་བྱས་ཏེ་རིམ་པ་རེ་རེ་བཞིན་དམ་འཛིན་དང་། རིམ་པ་ཚང་མས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཞིག་ཆགས་པར་བྱས་ནས་ཏང་ཡོངས་སུ་ཕུགས་བསམ་གྱི་དད་སེམས་བརྟན་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བཅས་ཀྱི་རྣམ་པ་ཟབ་མོ་འགྲུབ་རྒྱུར་སྐུལ་འདེད་གཏོང་དགོས།