འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་14ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་ཁྲིམས་ལུགས་ཤེས་བྱའི་འགྲན་བསྡུར་སྐབས་དང་པོ་ལྷ་སར་སྤེལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་14ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་ཁྲིམས་ལུགས་ཤེས་བྱའི་འགྲན་བསྡུར་སྐབས་དང་པོ་ལྷ་སར་སྤེལ།
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། བོད་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་ཁྲིམས་ལུགས་ཤེས་བྱའི་འགྲན་བསྡུར་སྐབས་དང་པོ་ལྷ་སར་སྤེལ། 
    ཐེངས་འདིའི་བྱེད་སྒོ་ནི་2020ལོའི་རྒྱལ་ཁབ་དྲ་རྒྱ་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བོད་རང་སྐྱོང་ལྗོངས་བྱེད་སྒོའི་གྲུབ་ཆ་ཞིག་རེད། ཐེངས་འདིའི་དྲ་སྦྲེལ་ཁྲིམས་ལུགས་ཤེས་བྱའི་འགྲན་བསྡུར་གྱི་དམིགས་ཡུལ་ནི་འགྲན་བསྡུར་བརྒྱུད་ནས་སྦྱོང་བརྡར་བྱེད་པའི་ཐབས་ལམ་བརྒྱུད་དེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱ་བདེ་འཇགས》དང་《མཉམ་སྦྲེལ་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས》སོགས་དྲ་རྒྱ་དོ་དམ་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་སྒྲིག་ཁྲིམས། ཚད་ལྡན་གྱི་ཡིག་ཆ་སོགས་ཀྱི་ནང་དོན་སྐོར། དྲ་ཐོག་གི་དྲང་ནུས་བརྒྱུད་སྤྲོད་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཡ་རབས་ཀྱི་དྲ་ཞུགས་སྲོལ་བཟང་ཆགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ལྗོངས་ཡོངས་རང་བཞིན་གྱི་དྲ་སྦྲེལ་ཁྲིམས་ལུགས་ཤེས་བྱ་འགྲན་བསྡུར་ཞིག་ཡིན་པའི་ངོས་ནས། འགྲན་བསྡུར་དེ་ཟླ་8ཚེས་27ཉིན་འགོ་ཚུགས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་ཚོགས་པ་20དང་མི་ཆིག་སྟོང་ལྷག་ཙམ་འགྲན་བསྡུར་ནང་ཞུགས་རྒྱུར་བཀུག་ཡོད། ཉིན་བཞིའི་རིང་དྲ་ཐོག་ནས་འགྲན་བསྡུར་བྱས་པ་བརྒྱུད་མཐར་ཚོགས་པ་6དང་མི་སྒེར་གྱི་བདམས་ཐོན་པ་6དྲ་ཕྱིའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་ཡོད།
    དེའི་ནང་མི་སྒེར་གྱི་བདམས་ཐོན་པ་6གིས་སྐབས་བསྟུན་ངང“དྲ་གྲོགས་རུ་ཁག” 2བཙུགས་ནས་ཚོགས་པ་གཞན་དག་6དང་མཉམ་དུ་འགྲན་བསྡུར་བྱས་པ་རེད། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཡུལ་དངོས་སུ་འགྲན་ཞུགས་འཐུས་མི་རུ་ཁག་8ཀྱིས་ངེས་པར་དུ་ལན་འདེབས་པ་དང་། མྱུར་ཏུ་ལན་འདེབས་པ། དྲ་སྦྲེལ་ཁྲིམས་ལུགས་ཤེས་བྱ་གསལ་བཤད་སོགས་ཀྱི་ལྷུ་ཚིགས་བརྒྱུད་འགྲན་བསྡུར་བྱས་པ་རེད།
   བྱེད་སྒོ་སྤེལ་སྐབས། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་བསོད་ནམས་དོན་གྲུབ་ཀྱིས“སུས་ཁྲིམས་འཛིན་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”ལས་ཀའི་བླང་བྱ་གཞིར་བཟུང་། བོད་ལྗོངས་ལྗོངས་ཡོངས་སུ་དྲ་འཕྲིན་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་སློབ་གསོ་སྤེལ་རྒྱུ་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་འཁུར་བའི་འགན་ནུས་གལ་ཆེན་ཞིག་རེད། དྲ་ཐོག་ཤེས་བྱའི་འགྲན་བསྡུར་གཉེར་བ་ནི་ཁོང་ཚོས་འཚོལ་ཞིབ་བྱས་ནས་སྤེལ་བའི་ཁྲིམས་ལུགས་ཁྱབ་གདལ་གྱི་བྱ་ཐབས་གསར་པ་ཞིག་རེད། “དེ་རིང་གི་རྟིང་རྩོད་འགྲན་བསྡུར་བྱེད་སྒོ་མཚོན་རྟགས་སུ་བྱས་ནས། ད་ལོ་བོད་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་དང་དེ་བཞིན་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་རྒྱུ་རེད།”
【1】  【2】
༄༅།།བོད་རང་སྐྱོང་ལྗོངས་ཀྱི་དྲ་སྦྲེལ་ཁྲིམས་ལུགས་ཤེས་བྱའི་འགྲན་བསྡུར་སྐབས་དང་པོ་ལྷ་སར་སྤེལ།