འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་6ཉིན།

༄༅༎དགེ་རྒན་གཅིག་དང་སློབ་མ་བདུན་ལས་མེད་པའི“སྤྲིན་ཚོམ”སློབ་གྲྭ་སློབ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་06ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཀླད་ཐང་གྲོང་ཚོའི་སློབ་གྲྭར་དགེ་རྒན་པད་མ་རིག་འཛིན་གྱིས་སློབ་ཚན་འཁྲིད་བཞིན་པ།
འདི་ནི་ཀླད་ཐང་གྲོང་ཚོའི་སློབ་གྲྭར་དགེ་རྒན་པད་མ་རིག་འཛིན་གྱིས་སློབ་ཚན་འཁྲིད་བཞིན་པ།
     མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་པེ་ཀྲོང་གྲོང་རྡལ་ཀླད་ཐང་གྲོང་ཚོར་སྟོན་ཀའི་སློབ་དུས་འགོ་ཚུགས་པ་དང་། ལོ་57ལ་སླེབས་པའི་དགེ་རྒན་པད་མ་རིག་འཛིན་སྔ་ས་ནས་སློབ་གྲྭར་ཡོང་སྟེ་སློབ་མ་བདུན་པོ་སློབ་ཚན་འཚོག་པར་ཡོང་རྒྱུར་སྒུག
     ཀླད་ཐང་གྲོང་ཚོའི་སློབ་གྲྭ་རི་བོའི་གསེབ་ཏུ་གནས་པ་དང་། ས་བབ་མཐོ་ཚད་སྨི་2800ཙམ་ཟིན་གྱི་ཡོད། དེ་ནི་གྲོང་ཚོའི་སློབ་ཆུང་སློབ་མར་གཉེར་བའི་སློབ་ཁྲིད་ས་ཚིགས་ཤིག་རེད། 2013ལོ་ནས་བཟུང་ཀླད་ཐང་གྲོང་ཚོ་ཧྲིལ་པོ་གནས་སྤོས་ཏེ་གྲོང་མི་མང་ཆེ་བ་ཐོག་མའི་སྡོད་གནས་ནས་སྤོས་པ་དང་ཕྲུ་གུ་ཚོའང་མང་ཆེ་བ་གནས་སྤོའི་ས་ཚིགས་ཀྱི་འགྲམ་དུ་སློབ་སྦྱོང་བྱེད་པར་བསྐྱོད་པས་སློབ་གྲྭའི་གཞི་ཁྱོན་རིམ་བཞིན་ཆུང་དུ་ཕྱིན། མིག་སྔར་གྲོང་ཚོར་ད་དུང་དུད་ཚང་11གིས་ཁྱིམ་ཚང་ཞིང་ར་གཉེར་བ་དང་ས་གནས་དེ་གའི་རྩྭ་རའི་ཐོན་ཁུངས་ལ་བརྟེན་ནས་ཐོན་སྐྱེད་དང་འཚོ་བ་སྐྱེལ་བཞིན་ཡོད་པས། སློབ་གྲྭས་ལོ་ན་ཆུང་བའི་ཕྲུ་གུ་བདུན་པོར་སློབ་ཁྲིད་བྱེད་ཀྱི་ཡོད།
     ཕྲུ་གུ་7གྱི་ནང་ལོ་རིམ་དང་པོར་ཕྲུ་གུ་4ཡོད་པ་དང་ཕྲུ་གུ་3གྱིས་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱེད་ཀྱི་ཡོད། དགེ་རྒན་པད་མ་རིག་འཛིན་གཅིག་པུས་རྒྱའི་སྐད་ཡིག་དང་རྩིས་རིག་སློབ་ཁྲིད་ཀྱི་འགན་འཁུར། སློབ་དུས་གསར་པ་འགོ་ཚུགས་དུས་ཕྲུ་གུ་ཚོ་དགའ་སྤྲོ་རབ་ཏུ་འཕེལ་ཞིང་། དཀར་ཆ་དོད་པའི་སློབ་ཁང་ནང་བསྡད་དེ་རྒན་པད་མ་རིག་འཛིན་གྱི་སློབ་ཚན་ཉན་པར་བྲེལ་ལ། རི་ཁུལ་དུ་དཔེ་དེབ་ཀློག་པའི་དབྱངས་སྙན་ལྷང་ལྷང་གྲགས།
     ཀླད་ཐང་གྲོང་ཚོའི་སློབ་གྲྭར་་ལོ་30ཙམ་སློབ་ཁྲིད་ལ་གཞོལ་བའི་དགེ་རྒན་པད་མ་རིག་འཛིན་གྱིས། ད་དུང་ལོ་གཉིས་གསུམ་ཙམ་སོང་རྗེས་ཕྲུ་གུ་དེ་དག་ཀླད་ཐང་གྲོང་ཚོའི་སློབ་གྲྭ་ནས་ཁ་བྲལ་ཏེ་མུ་མཐུད་སློབ་གསོ་དང་ལེན་བྱ་རྒྱུ་ཡིན་པ་དང་རང་ཉིད་ཀྱང་རྒན་ཡོལ་ཞུ་ཉེར་ཡོད་པས་ང་དང་སློབ་གྲྭས་མི་སྐྱོང་གི་འགན་འཁྲི་བསྒྲུབས་པ་ཡིན་ཞེས་བཤད།
【1】  【2】
འདི་ནི་ཀླད་ཐང་གྲོང་ཚོའི་སློབ་གྲྭར་ལོ་རིམ་དང་པོའི་སློབ་མ་མཱ་ཤིའུ་མེས་སློབ་ཚན་ཉན་བཞིན་པ།
འདི་ནི་ཀླད་ཐང་གྲོང་ཚོའི་སློབ་གྲྭར་ལོ་རིམ་དང་པོའི་སློབ་མ་མཱ་ཤིའུ་མེས་སློབ་ཚན་ཉན་བཞིན་པ།