འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་2ཉིན།

༄༅།།བོད་ཀྱིས་འཛད་སྤྱོད་དབུལ་སྐྱོར་ཟླ་བ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་02ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱིས་འཛད་སྤྱོད་དབུལ་སྐྱོར་ཟླ་བ་སྤེལ་འགོ་ཚུགས་པ།
   མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད།
   ད་ཐེངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོས་“ཁེ་ལས་ཁྲི་ལྷག་ཞུགས་།  མི་དུང་ཕྱུར་མཉམ་དུ་བསྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། བྱེད་སྒོ་དེས་འཛད་སྤྱོད་དབུལ་སྐྱོར་གྱི་ཆེད་སྒྲོམ་དང་། ཆེད་དོན་འགྲེམས་ཁང་། ཆེད་དོན་ཁུལ། ཆེད་དོན་རླངས་འཁོར། ཆེད་དོན་ཚོང་ཁང་། “དབུལ་སྐྱོར་832”ཀྱི་བྲིན་ཚོང་ལས་སྟེགས་སོགས་གཞི་རྟེན་གཙོ་བོར་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་དབུལ་སྐྱོར་དྲ་བ་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་བྱས་ནས།  དྲ་ཐོག་ལས་སྟེགས་དང་དྲ་ཕྱིའི་ཐབས་ལམ་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་དེ་སྤུས་ལེགས་ཁྱད་ལྡན་གྱི་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་དབུལ་སྐྱོར་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུ་རེད།
   ད་ཐེངས་ཀྱི་འཛད་སྤྱོད་དབུལ་སྐྱོར་ཟླ་བའི་བྱེད་སྒོས་རང་འགུལ་གྱི་ཚོང་ཟོག་འཚོང་སྒྲོམ་ལས་ཁུངས་དང་། མཐོ་སློབ། མཛེས་ལྗོངས་ཁུལ། མགྲོན་ཁང་། གནམ་ཐང་། རླངས་འཁོར་བབས་ཚུགས་བཅས་སུ་བཙུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ད་དུང་བོད་ཀྱི་འཛད་སྤྱོད་དབུལ་སྐྱོར་ཐོན་རྫས་འཚོ་བའི་འགྲེམས་ཁང་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་དབུལ་སྐྱོར་ཐོན་རྫས་དྲིལ་བསྒྲགས་དང་། འགྲེམས་སྟོན། བྲིན་ཚོང་བཅས་ལ་རམ་འདེགས་བྱ་རྒྱུ་རེད།
    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་འགོ་ཚུགས་པ་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་385ལག་བསྟར་བྱས་ནས་ནས་དང་། ནོར་ལུག མི་རིགས་ལག་ཤེས་སོགས་སྤུས་ལེགས་དབུལ་སྐྱོར་ཐོན་རྫས་རབ་དང་རིམ་པ་བཏོན་ཡོད། དབུལ་སྐྱོར་ཐོན་རྫས་འཚོང་ཐུབ་པ་དང་གོང་ཡག་པོ་རག་ཆེད། “དྲ་ཐོག་ཚོང་དོན་+འཛད་སྤྱོད་དབུལ་སྐྱོར”གྱི་རྣམ་པ་གསར་པ་བཏོད་པ་དང་ཇོ་མོ་གླང་མའི་དྲ་ཐོག་ཚོང་དོན་ཀུང་སི་བཙུགས་ཡོད། དྲ་ཐོག་ཚོང་བ་དང་དྲ་ཕྱིར་ཚོང་བ་མཉམ་སྤེལ་བྱས་པ་བརྒྱུད་གཞིས་རྩེ་གྲོང་ཁྱེར་གྱི་འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།
   བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་འཇམ་དཔལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་སྤེལ་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་ཐོན་རྫས་185གཏན་འཁེལ་བྱས་ནས་རེ་ཞུ་བྱས་ཡོད། རིམ་རྩིས་བྱས་ན་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་1.05ཟིན་ཡོད། ཆབ་མདོ་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར་གྱིས“ཅིན་ཁྲེང་གིས་གཅེས་སེམས་འབུལ། གནད་སྨིན་གྱིས་དབུལ་སྒྲོལ་ལ་རམ་འདེགས་བྱེད་”ཅེས་པའི་བྱེད་སྒོ་སྤེལ་ནས་དབུལ་སྐྱོར་ཐོན་རྫས་བྲིན་ཚོང་ལ་རོགས་རམ་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཕིང་ཏའོ་ཏའོ་ལས་སྟེགས་ལ་བརྟེན་ནས། ཞོ་སྟོན་རིང་རྫོང་དང་ཆུས་ཁག་སྒྲིག་འཛུགས་བྱས་ཏེ་ཐོན་རྫས་དང་དབུལ་སྐྱོར་ཐོན་རྫས་ཐད་གཏོང་འོས་སྦྱོར་བྱེད་པ་སོགས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པས་འཛད་སྤྱོད་དབུལ་སྐྱོར་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད་པ་རེད།