འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་21ཉིན།

༄༅།།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཆུ་བྲུག་པའི་དུས་ཀྱི་གནམ་གཤིས་ལས་དོན་ལ་གཟིགས་ཞིབ་
དང་མཛུབ་ཁྲིད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་21ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ8པའི་ཚེས18ཉིན། བདེ་ཆེན་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཡུས་ཧྲིན་ཞང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གནམ་གཤིས་ཅུའུ་རུ་ཆུ་བྲུག་དུས་ཀྱི་གནམ་གཤིས་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
   ཡུས་ཧྲིན་ཞང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཉེ་དུས་ཆར་པ་ཆེན་པོ་བབས་པའི་གནམ་གཤིས་གནས་ཚུལ་དང་འབྱུང་འགྱུར་གནམ་གཤིས་འགྱུར་ལྡོག་གི་དུས་བབ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་ཞིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གནམ་གཤིས་ཅུའུ་ཡི་གནམ་གཤིས་ཞབས་ཞུར་ཁས་ལེན་གང་ལེགས་གནང་བ་མ་ཟད། རྗེས་ཕྱོགས་ཀྱི་གནམ་གཤིས་བྲུག་ཆུ་འགོག་པའི་ལས་དོན་ཐད་བླང་བྱ་བཏོན་པ་སྟེ། གཅིག་ནི་མིག་སྔའི་ཆུ་བྲུག་པའི་དུས་ཀྱི་ཛ་དྲག་དུས་བབ་ལ་དམིགས་ཏེ་གནམ་གཤིས་སྔོན་བརྡ་དང་། གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བ། ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་བཟང་པོ་སྒྲུབ་པ། གཉིས་ནས་གྲོས་མོལ་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་དང་བྲུག་ཆུ་འགོག་པའི་བཀོད་འདོམས་ཀྱི་མཉམ་འགུལ་ལས་དོན་བཟང་པོ་སྒྲུབ་པ། གསུམ་ནས་ཆ་འཕྲིན་སྤེལ་རེས་དང་གོང་ཞུ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ཆར་པ་འབབ་ཚུལ་ཁྱབ་བསྒྲགས་བྱེད་དགོས་པ། བཞི་ནས་ལས་སྒོའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བས་ནུས་ལྡན་གྱི་གནམ་གཤིས་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་བསྟན། །