འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅༎ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཤིས་ཨན་ནས་སྨི་ལན་བར)གྱི་རིམས་འགོག་དངོས་ཟོག་
ཆེད་སྤྱོད་མེ་འཁོར་གཏོང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     རིམས་འགོག་དངོས་ཟོག་ཆེད་སྤྱོད་མེ་འཁོར་ལ་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཤིས་ཨན)སྤྱི་སྤྱོད་དུས་གཏན་མེ་འཁོར་སྤྱད་དེ་སྐྱེལ་འདྲེན་བྱེད་པ་དེས་ཡོ་རོབ་ཀྱི་མངའ་ཁོངས་སུ་འཛུལ་རྗེས་བརྗེ་པོ་རྒྱག་ཐེངས་གཅིག་ཉུང་དུ་གཏོང་ཐུབ་པ་དང་ཉིན་1ནས་2བར་གྱི་བརྗེ་པོ་རྒྱག་པ་དང་སྒུག་པའི་དུས་ཚོད་གྲོན་ཆུང་ཐུབ་སྟེ་རིམས་འགོག་དངོས་ཟོག་སྨི་ལན་དུ་དེ་བས་མགྱོགས་པ་འབྱོར་ཐུབ་ཀྱི་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཤིས་ཨན)གྱིས་ཁྱོན་རིམས་འགོག་དངོས་ཟོག་འཁོར་སྒྲོམ་1521དབོར་བར་བསྡོམས་ཏུན་12719.6ཟིན་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཐད་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད།