འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་12ཉིན།

༄༅།།པའེ་ཏེང་གིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་གྲོས་མི་ཧ་ལི་སི་དམངས་གཙོ་ཏང་གི་ཙུང་
ཐུང་གཞོན་པའི་བདམ་བྱའི་འོས་མིར་མིང་བཏོན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་12ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པའེ་ཏེང་གིས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་གྲོས་མི་ཧ་ལི་སི་དམངས་གཙོ་ཏང་གི་ཙུང་
ཐུང་གཞོན་པའི་བདམ་བྱའི་འོས་མིར་མིང་བཏོན།
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་11ཉིན། ཨ་རིའི་དམངས་གཙོ་ཏང་གི་ཙུང་ཐུང་གི་བདམ་བྱའི་འོས་མིར་མིང་འདོན་བྱས་པའི་ཨ་རིའི་ཙུང་ཐུང་གཞོན་པ་པའེ་ཏེང་གིས་ཚེས་11ཉིན་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་གྲོས་མི་ཁཱ་མ་ལ·ཧ་ལི་སི་དམངས་གཙོ་ཏང་གི་ཙུང་ཐུང་གཞོན་པའི་བདམ་བྱའི་འོས་མིར་མིང་འདོན་པ་རེད། འདི་ནི་ཨ་རིའི་ལོ་རྒྱུས་ཐོག་མི་རིགས་ནག་པོ་དང་ཨེ་ཤེ་ཡའི་རྒྱུད་པ་ཡིན་པའི་བུད་མེད་ལ་ཨ་རིའི་སྲིད་ཏང་གཙོ་བོའི་ཙུང་ཐུང་གཞོན་པའི་བདམ་བྱའི་འོས་མིར་མིང་འདོན་བྱས་པ་ཐེངས་དང་པོ་རེད།
   པའེ་ཏེང་གིས་དེ་ཉིན་སྤྱི་ཚོགས་འབྲེལ་བའི་སྨན་སྦྱོར་ཐོག་གཏན་འཁེལ་ཞིག་ཁྱབ་བསྒྲགས་བྱས་ཡོད། ཁོང་གིས་ཧ་ལི་སི་ནི་“མི་སྣ་ཆུང་གྲས་ཀྱི་ཆེད་དུ་འཐབ་མཁན་དཔའ་བོ།”དང་ཨ་རིའི་“ཆེས་ཕུལ་བྱུང་གི་གཞུང་ལས་མི་སྣའི་གྲས་ཤིག་”ཡིན་པ་བཤད། དུས་མཚུངས་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་དང་གློག་རྡུལ་ཡི་གེའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ལ་ཆ་འཕྲིན་འདི་སྤེལ་བ་རེད།
    པའེ་ཏེང་གི་འགྲན་འདེམས་ཚོགས་པས་པའེ་ཏེང་དང་ཧ་ལི་སི་ཚེས་12ཉིན་པའེ་ཏེང་གི་ཕ་ཡུལ་ཀྲོའུ་ཐེ་ལ་ཧྭ་མངའ་སྡེར་མཉམ་དུ་དོན་ནས་གཏམ་བཤད་སྤེལ་རྒྱུ་ཡིན་པ་བསྟན་ཡོད། ཧ་ལི་སི་ནི་1964ལོའི་ཟླ་10པར་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ཨའོ་ཁེ་ལན་དུ་སྐྱེས། ཁོ་མོའི་ཨ་མ་ནི་རྒྱ་གར་གྱི་གནས་སྤོས་ཡུལ་མི་ཡིན་ལ། ཨ་ཕ་ནི་ཡ་མེ་ཅའི་གནས་སྤོས་ཡུལ་མི་ཡིན། ཧ་ལི་སི་ཡིས་དེ་སྔོན་ཅིའུ་ཅིན་ཧྲན་ས་ཁུལ་དུ་དུས་ཡུན་རིང་པོ་ས་གནས་ཞིབ་དཔྱོད་དཔོན་གྱི་ལས་ཀ་བྱེད་མྱོང་། 2010ལོར་ཅ་ཀྲོའུ་མངའ་སྡེ་ཡི་ཞིབ་དཔྱོད་ཀྲང་ལ་བདམས་པ་དང་2016ལོར་ཅ་ཀྲོའུ་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མིར་བདམས་པ་རེད། 2019ལོའི་ཟླ་དང་པོར་ཁོང་གིས་དམངས་གཙོ་ཏང་གི་ཙུང་ཐུང་གི་གྲ་སྒྲིག་འདེམས་བསྐོའི་ནང་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། ལོ་དེའི་ཟླ་12པར་མ་དངུལ་མི་འདང་བའི་རྐྱེན་གྱིས་འདེམས་བསྐོ་ནས་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
    2020ལོའི་ཨ་རིའི་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དེ་ཟླ་8ཚེས་17ནས་21ཉིན་བར་འཚོག་རྒྱུའི་གཏན་འཁེལ་བྱས་པ་དང་། གྲོས་རིམ་གཙོ་བོའི་ནང་དམངས་གཙོ་ཏང་གི་ཏང་གི་རྩ་འཛིན(འགྲན་འདེམས་རྩ་འཛིན)ལ་གྲོས་འཆམ་བྱ་རྒྱུ་དང་། ཙུང་ཐུང་དང་། ཙུང་ཐུང་གཞོན་པའི་བདམ་བྱའི་འོས་མིའི་མིང་འདོན་དང་དེ་བཞིན་བདམ་བྱའི་འོས་མིས་མིང་འདོན་དང་ལེན་བྱ་རྒྱུའི་གཏམ་བཤད་སྤེལ་རྒྱུ་བཅས་ཚུད་ཡོད་པ་རེད། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་འོག་ད་ཐེངས་ཀྱི་འཐུས་མི་ཚོགས་ཆེན་གྱི་བྱེད་སྒོ་མང་ཆེ་བ་དྲ་ཐོག་ཏུ་སྤེལ་རྒྱུ་ཡིན་པ་རེད།