འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་12ཉིན།

༄༅༎ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཨ་ཟེར་བྷེ་ཇན་དུ་བརྟག་ཞིབ་སྤེལ་རེས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་12ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ཚེས་10ཉིན་ཨ་ཟེར་བྷེ་ཇན་དུ་བརྟག་ཞིབ་སྤེལ་རེས་བྱས་ཤིང་། སྔ་རྗེས་སུ་ཨ་ཟེར་བྷེ་ཇན་གྱི་རྒྱལ་བཙུགས་ནད་ཐོག་སྨན་བཅོས་སྨན་ཁང་དང་། སུའུ་མུའུ་ཀའེ་ཐེ་གྲོང་བཙུགས་སྨན་ཁང་། བྷ་ཁུ་ཁྲག་རྒྱུན་ལྟེ་གནས་བཅས་སུ་བསྐྱོད་དེ་ཨ་ཟེར་བྷེ་ཇན་ཕྱོགས་ཀྱི་ལས་རིགས་གཅིག་པ་རྣམས་དང་ལས་སྒོའི་ཐད་ནས་སྤེལ་རེས་བྱས་པ་མ་ཟད། ད་དུང་ཏོག་གསར་གློ་ཚད་རིམས་ནད་སྐྱོབ་བཅོས་ཐད་ཀྱི་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ངོ་སྤྲོད་ཀྱང་བྱས་པ་རེད།