འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་10ཉིན།

༄༅།།ཨ་རིར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་ཁྲི་500ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་10ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་ཁྲི་500ལས་བརྒལ་བ།
    མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་9ཉིན། ཨ་རིའི་གཡོད་ཧན་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་9ཉིན་སྤེལ་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་བསྡོམས་རྩིས་གསར་ཤོས་ཀྱི་གྲངས་གཞི་ལས་མངོན་གསལ་།  ཨ་རིར་རིམ་རྩིས་བྱས་ནས་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་500ལས་བརྒལ་ཡོད།
   གྲངས་གཞི་ལས་མངོན་གསལ། ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་9ཉིན་གྱི་ཆུ་ཚོད་9དང་སྐར་མ་36བར། (པེ་ཅིང་གི་དུས་ཚོད་ཚེས་9ཉིན་གྱི་ཆུ་ཚོད་21དང་སྐར་མ་36)ཨ་རིར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་5000603ཐོན་ཡོད་པ་དང་། རིམ་རྩིས་བྱས་ནས་གྲོངས་པའི་ནད་དཔེ་162441ཐོན་ཡོད།
   ཨ་རིར་ཏོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་400ནས་ཁྲི་500བར་འཕར་བར་ཉིན་17ལས་འགོར་མེད། ཨ་རིའི་རིམས་ནད་རིག་པའི་མཁས་དབང་གིས། མིག་སྔར་ཨ་རི་དེ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་“དུས་རིམ་གསར་པར་”གནས་པ་དང་། རིམས་ནད་“གཞི་རྒྱ་ཆེན་པོའི་ངང་མཆེད་བཞིན་ཡོད་པའི་”ངོས་འཛིན་བྱས་ཡོད།  
༄༅།།ཨ་རིར་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་ཁྲི་500ལས་བརྒལ་བ།