འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་7ཉིན།

༄༅༎རང་རྒྱལ་གྱི་མཚོ་བོད་ས་མཐོའི་མཚོ་མཚེའུ་ནས་གཏིང་ཚད་རིང་ཤོས་ཀྱི་མཚོ་ཞབས་འདམ་ས་གསོར་ལེན་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་མཚོ་མཚེའུ་དང་ཁོར་ཡུག་འགྱུར་ལྡོག་ཚོགས་པས་མཚོ་བོད་ས་མཐོའི་གནམ་མཚོའི་ལྟེ་བའི་ཁུལ་གྱི་གཏིང་ཚད་སྨི་བརྒྱ་ཙམ་གྱི་ཆུ་འོག་ནས་སྨི་144.79ཟིན་པའི་མཚོ་ཞབས་འདམ་ས་བདེ་བླག་ངང་གསོར་ལེན་ཐུབ་པ་དང་གསོར་འབིགས་གཏིང་ཚད་སྨི་153.44ཟིན་ནས་ས་ཁུལ་དེའི་ཉེ་བའི་ལོ་ཁྲི་15ཙམ་གྱི་རྒྱུན་མཐུད་ཀྱི་གནམ་གཤིས་ཁོར་ཡུག་ཟིན་ཐོ་ཡང་བསྐྱར་འགོད་ཐུབ་རེ་ཡོད་པ་རེད།
     ཚོགས་པ་དེས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་ས་མཐོའི་མཚོ་མཚེའུ་ཡི་གསོར་འབིགས་གཏིང་ཚད་རིང་ཤོས་སྨི་114.9ཡིན་པ་དང་ད་ཐེངས་ཀྱི་གསོར་འབིགས་ལས་རང་རྒྱལ་གྱི་མཚོ་མཚེའུ་ཡི་མཚོ་ཞབས་འདམ་ས་གསོར་འབིགས་གཏིང་ཚད་སྨི་150ཡི་རིམ་པར་སླེབས་ཐེངས་དང་པོ་རེད།
     མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་མཚོ་མཚེའུ་དང་ཁོར་ཡུག་འགྱུར་ལྡོག་ཚོགས་པའི་འགན་ཁུར་མི་སྣ་ཞིབ་འཇུག་པ་ཀྲུའུ་ལི་ཕིང་གིས། ད་ཐེངས་ཀྱི་གཏིང་ཚད་སྨི་144.79ཟིན་པའི་མཚོ་ཞབས་འདམ་ས་བདེ་བླག་ངང་གསོར་ལེན་ཐུབ་པ་ལས་རང་རྒྱལ་གྱིས་རང་བརྟེན་ཞིབ་སྤེལ་ལག་རྩལ་སྤྱད་དེ་གཏིང་རིང་བའི་མཚོ་ནང་ནས་ཚད་རིང་བ་དང་རག་ཚད་མཐོ་བའི་མཚོ་ཞབས་འདམ་ས་གསོར་ལེན་ཐུབ་པ་མཚོན་ཞིང་། དེ་ལས་རྒྱལ་སྤྱིའི་སྐམ་སའི་ཚན་རིག་གསོར་འབིགས་ཀྱི་འཆར་གཞི(ICDP)ལག་བསྟར་ལ་གྲུབ་འབྲས་ལྡན་པའི་ཉམས་མྱོང་གསོག་འཇོག་བྱས་ཡོད་ཅེས་བརྗོད་པ་རེད།