འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་གཏན་འཁེལ་བྱུང་བའི་ནད་དཔེ་གསར་པ་དང་ནད་རྟགས་མེད་པའི་ནད་པའི་
གྲངས་འབོར་ཉིན་3བསྟུད་མར་ཆག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཝུའུ་ལུའུ་མུའུ་ཆི་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་སུའེ་རུང་གིས། ཟླ་8ཚེས་1ཉིན་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པར་གཏན་འཁེལ་བྱུང་བའི་ནད་དཔེ་ཉིན་ཤས་གོང་དང་བསྡུར་ན་ནད་དཔེ་2ཆག་པ་དང་། གཏན་འཁེལ་བྱུང་བའི་ནད་དཔེ་གསར་པ་དང་ནད་རྟགས་མེད་པའི་ནད་པའི་གྲངས་འབོར་ཉིན་3བསྟུད་མར་ཆག་པས། དེ་གོང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་ཕན་འབྲས་མངོན་བཞིན་ཡོད་པ་གསལ་པོ་མཚོན་ཐུབ། མིག་སྔར་རིམས་འགོག་གི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས་ལྷོད་གཡེང་སྤུ་ཙམ་ཡང་བྱ་མི་རུང་ལ་སྣང་ཆུང་ཡང་གཏན་ནས་བྱ་མི་རུང་། དེ་ལས་ལྡོག་ཚེ་རྐང་རྗེས་ལག་སུབ་བྱ་སྲིད་ཅེས་བརྗོད་པ་རེད།
    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་8ཚེས་2ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སུའེ་རུང་གིས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་། རང་སྐྱོང་ལྗོངས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་། རྒྱ་ཆེའི་སྨན་དོན་མི་སྣ་བཅས་ཀྱིས“གཅིག་སྡུད་བཞིའི”རྩ་དོན་ལྟར་རྒྱལ་ཁབ་འཕྲོད་བསྟེན་ཨུ་ལྷན་གྱི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་ཁག་བདུན་པར་བརྩི་སྲུང་ནན་པོ་ཞུས་ཏེ། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་མཐའ་འཁྱོངས་བྱས་པ་དང་གཏན་འཁེལ་བྱུང་བའི་ནད་དཔེ་དང་ནད་རྟགས་མེད་པའི་ནད་པར་ནུས་ཤུགས་ཡོད་རྒུས་གཅིག་མཚུངས་ཅན་དང་ཚད་ལྡན་ཅན་གྱི་སྨན་བཅོས་བྱས་ཡོད་ཅེས་བརྗོད་པ་རེད།
    སུའེ་རུང་གིས་ཟླ་8ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཆུ་ཚོད་24བར་ཝུའུ་ལུའུ་མུའུ་ཆིའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཏན་འཁེལ་བྱུང་བའི་ནད་དཔེ་29མང་དུ་ཕྱིན་པ་དང་། ནད་རྟགས་མེད་པའི་ནད་པ་9མང་དུ་ཕྱིན་པ། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་7མང་དུ་ཕྱིན་པ། ནད་རྟགས་མེད་པའི་ནད་པར་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པའི་ནད་དཔེ་6ཡོད་པའི་སྙན་སེང་ཞུས་པ་རེད། ཟླ་7ཚེས་15ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས་ཟླ་8ཚེས་1ཉིན་གྱི་ཆུ་ཚོད་24བར་རིམ་རྩིས་བྱས་ན། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་23ཟིན་པ་དང་ནད་རྟགས་མེད་པའི་ནད་པར་གསོ་རིག་ལྟ་ཞིབ་བྱེད་མཚམས་བཞག་པའི་ནད་དཔེ་22ཟིན་པའི་བརྡ་ཁྱབ་བཏང་བ་རེད།
   ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བར་གཞིགས་ན། ཟླ་8ཚེས་1ཉིན་གྱི་ཆུ་ཚོད་24བར་ཤིན་ཅང་དུ་(པིང་ཐོན་ཚུད་པ)ད་ལྟ་གཏན་འཁེལ་བྱུང་བའི་ནད་དཔེ་569(སྲོག་ཉེན་ཡོད་པའི་ནད་དཔེ་5དང་ནད་ཚབས་ལྕི་བའི་ནད་དཔེ་21ཚུད་པ)ཡོད། དེའི་ནང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་ནད་དཔེ་565དང་། ཁཱ་ཧྲི་ས་ཁུལ་དུ་ནད་དཔེ་2(ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་ནས་འགོས་པའི་ནད་དཔེ་1དང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་གྱི་རིམས་ནད་དང་འབྲེལ་ཡོད་ནད་དཔེ་1ཚུད་པ)ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་རུ་ནད་དཔེ་1(ཝུའུ་ལུའུ་མུའུ་ཆི་ནས་འགོས་པ) པིང་ཐོན་དུ་ནད་དཔེ1བཅས་ཡོད། ད་ལྟ་ནད་རྟགས་མེད་པའི་ནད་པ་112ཡོད་པའི་ནང་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་ནད་པ་110དང་། ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་རུ་ནད་པ་1(ཝུའུ་ལུའུ་མུའུ་ཆི་ནས་འགོས་པ) པིང་ཐོན་ལ་ནད་པ་1བཅས་ཡོད། མི་14640ལ་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད།