འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་3ཉིན།

༄༅།།ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་རུ་ཁག་ཤང་ཀང་དུ་འབྱོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་03ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་རུ་ཁག་ཤང་ཀང་དུ་འབྱོར་བ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་8ཚེས་2ཉིན། “ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྔོན་སྐྱོད་རུ་ཁག”གི་རུ་མི་7ཤང་ཀང་དུ་འབྱོར་བ་དང་། ཁོང་ཚོས་ཚོད་ལྟ་ཁང་གི་ལས་དོན་ལ་རོགས་རམ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རིམས་འགོག་ཐད་ལ་རོགས་རམ་བྱ་རྒྱུ་རེད། 
    ཚེས་2ཉིན་གྱི་ཕྱི་དྲོར། ཤང་ཀང་ཀྲུང་དབྱང་མཉམ་འབྲེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཆའོ་ཧུང་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་ལུགས་དང་ནང་སའི་ལས་དོན་ཅུས་ཀྱི་ཅུས་ཀྲང་ཙེང་གོ་ཝུའེ། བཟའ་བཅའ་དང་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་ཁྲེན་ཀྲའོ་ཧྲི་བཅས་ཀྱིས“སྔོན་སྐྱོད་རུ་ཁག”སྡོད་གནས་སུ་ཕེབས་བསུ་ཞུས་པ་དང་རུ་མི་ཚོ་དང་ལས་དོན་འབྲེལ་མཐུད་བྱས་པ་རེད།
    ཙེང་གོ་ཝུའེ་དང་ཁྲེན་ཀྲའོ་ཧྲིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས“ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྔོན་སྐྱོད་རུ་ཁག”གི་རུ་མི7ལ་དགའ་བསུ་ཞུས་པ་རེད། ཅུས་ཀྲང་གཉིས་ཀྱིས་ཤང་ཀང་གིས་རིམས་ནད་ཚབས་ཆེན་ལ་ཁ་གཏད་འཇལ་རོགས་ཞུས་པར་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་གནང་སྟེ། “ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྔོན་སྐྱོད་རུ་ཁག”བཙུགས་ཤིང་དམིགས་བསལ་ཁུལ་གྱི་རིམས་ནད་འགོག་བཅོས་ལ་མངགས་པར་ཐུགས་རྗེ་ཆེ་ཞུས་པ་རེད། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་འོག་གྲོང་ཁྱེར་ཡོངས་ཀྱིས་བློ་སེམས་གཅིག་མཐུན་སྒོས་རིམས་ནད་བཀག་འགོག་བྱེད་པའི་རེ་བ་ཡོད།
    “སྔོན་སྐྱོད་རུ་ཁག”གི་རུ་དཔོན་ཀུའོ་ཕེང་ཧའོ་ཡིས་བཤད་རྒྱུར། “སྔོན་སྐྱོད་རུ་ཁག”གི་ལས་འགན་གཙོ་བོ་ནི་ཤང་ཀང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་བྱས་ནས་ཤང་ཀང་གི་ཞིབ་དཔྱད་ཚད་ལེན་བྱ་ཡུལ་དང་། སྒྲིག་ཆས། དེ་བཞིན་ལས་རིམ་སོགས་རྒྱུས་ལེན་བྱས་ནས། རྗེས་མཐུད་ཀྱི་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལ་རྨང་གཞི་འདིང་རྒྱུ་དེ་ཡིན། རྒྱལ་ཁབ་ཀྱི་རྒྱབ་རྟེན་སྟོབས་ལྡན་ལ་བརྟེན། “ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྔོན་སྐྱོད་རུ་ཁག”གིས་ཤང་ཀང་གི་གྲོང་མི་དང་མཉམ་དུ་རིམས་ནད་ལས་རྣམ་པར་རྒྱལ་བ་ལ“ང་ཚོར་ཡིད་ཆེས་ཡོད”ཟེར།
    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར་ཤང་ཀང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཏུ་གྱུར་ཅིང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་རེ་ཞུས་ལྟར། ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་བཀོད་འདོམས་འོག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྔོན་སྐྱོད་རུ་ཁག”མྱུར་དུ་བཙུགས་ནས་ཤང་ཀང་དུ་ལས་དོན་སྤེལ་བར་བསྐྱོད་པ་དང་། དམིགས་བསལ་ཁུལ་ལ་རིམས་ནད་འགོག་བཅོས་བྱེད་རོགས་བྱ་རྒྱུ་རེད། 
    ཤེས་རྟོགས་བྱུང་བར་གཞིགས་ན། “ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་སྔོན་སྐྱོད་རུ་ཁག”དེ་ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཞིང་ཆེན་ནང་ཁུལ་གྱི་གཞུང་བཙུགས་སྨན་ཁང་20ལྷག་ཙམ་ནས་མངགས་པའི་ནད་ཐོག་སྨན་བཅོས་ཀྱི་ཞིབ་དཔྱད་ལག་རྩལ་མི་སྣ་60ཙམ་ལས་གྲུབ་ཡོད། རུ་དཔོན་ནི་ཀོང་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཡིན་པ་དང་དེ་སྔོན་ཀོང་ཏུང་ཞིང་ཆེན་གྱི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་སྤྱི་ཁྱབ་བཀོད་འདོམས་པའི་འགན་འཁུར་མྱོང་ཡོད། འདི་ནི་ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་གི་རིམས་ནད་འགོག་པར་རྒྱབ་སྐྱོར་བྱེད་པའི་ནང་སའི་ཆེད་ལས་དཔུང་ཁག་དང་པོ་ཡིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རྗེས་སུ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་དགོས་མཁོར་གཞིགས་ནས་ནང་སའི་སྨན་བཅོས་ཐོན་ཁུངས་སྐོང་བསྡུ་བྱས་ཏེ་རྒྱབ་སྐྱོར་དེ་བས་མང་པོ་བྱ་རྒྱུ་རེད།
    དུས་མཚུངས་སུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས“ནང་སའི་སྒྲོམ་ཚང་སྨན་ཁང་སྔོན་སྐྱོད་རུ་ཁག”བཙུགས་ཏེ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས“སྒྲོམ་ཚང་སྨན་ཁང”གི་དངོས་འཐབ་ཉམས་མྱོང་ལྡན་པའི་རིགས་གཅིག་མཁས་པ6མངགས་པ་དང་། ཤང་ཀང་ཨེ་ཤ་ཡའི་རྒྱལ་སྤྱིའི་འགྲེམ་སྟོན་ཁང་དེ་“སྒྲོམ་ཚང་སྨན་ཁང”དུ་བསྒྱུར་བར་ལག་རྩལ་ཐད་ནས་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་རེད།
【1】  【2】
༄༅།།ནང་སའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་རུ་ཁག་ཤང་ཀང་དུ་འབྱོར་བ།