འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་1ཉིན།

༄༅༎བོད་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་ཡུལ་སྨད་ཤང་དུ་སྒོ་བྱང་བཀལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་01ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་7ཚེས་30ཉིན་བོད་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་ཡིན་པའི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མཁོ་ཚོང་མཉམ་ལས་ཁང་གི་སྒོ་བྱང་འགེལ་བཞིན་པ།
འདི་ནི་ཟླ་7ཚེས་30ཉིན་བོད་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་ཡིན་པའི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མཁོ་ཚོང་མཉམ་ལས་ཁང་གི་སྒོ་བྱང་འགེལ་བཞིན་པ།
     ● བོད་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་སྟེ། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་སྒོ་བྱང་བཀལ་ནས་བཙུགས་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོ། བོད་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་སྟེ། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་སྒོ་བྱང་བཀལ་ནས་བཙུགས་པ་དེ་ཐོག་ནས་བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་མཁོ་ཚོང་མཉམ་ལས་ཁང་གི་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད།
     ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་བཙུགས་པའི་ཡུལ་སྨད་ཤང་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་དེ་ཧྲེ་ཡོན་གྱི་འཐུས་མི་ཚོགས་ཆེན་འཚོགས་ནས་ལས་འཛིན་ལྷན་ཚོགས་དང་ལས་དོན་ལྟ་སྐུལ་ལྷན་ཚོགས་བདམས་ཐོན་བྱུང་བ་དང་འབྲེལ། གཞི་རིམ་མཉམ་ལས་ཁང་གི་སྒྲིག་ཡིག་ལ་ཡང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
     “ཕྱིས་སུ་ཤང་ནས་དངོས་ཟོག་ཉོ་ཐུབ། དེ་སྔ་ནང་བཞིན་དུས་ཚོད་མང་པོ་སྤྱད་དེ་གྲོང་ཁྱེར་དུ་དངོས་ཟོག་ཉོ་བར་འགྲོ་མི་དགོས་པས་ཧ་ཅང་སྟབས་བདེ་པོ་འདུག”ལོ་40སླེབས་པའི་ལྷག་སྐྱིད་པད་མ་ལོ་24ཡི་གོང་ཕ་མ་གཉིས་དང་མཉམ་དུ་ཡུལ་སྨད་དུ་སླེབས་པ་ནས་བཟུང་། ཡུལ་སྨད་ཀྱི་འགྱུར་ལྡོག་ཆེན་པོ་མིག་མཐོང་ལག་ཟིན་བྱུང་ཡོད། ཇ་ཁང་བཙུགས་པའི་ཁོང་དེ་སྔ་ལ་ཀླུང་མང་པོ་བརྒྱབ་ནས་དངོས་ཟོག་ཉོ་བར་འགྲོ་དགོས་ཀྱི་ཡོད་པས་འགྲོ་སོང་ཆེ་ལ་དུས་ཚོད་ཀྱང་མང་པོ་འགོར་གྱི་ཡོད། ཁོང་གིས“ད་ཆ་ལམ་བཟོས་ཚར་བ་དང་མཁོ་ཚོང་མཉམ་ལས་ཁང་ཡང་བཙུགས་ཡོད་པས་འཚོ་བ་དེ་སྔ་དང་བསྡུར་ན་ཧ་ཅང་སྐྱིད་རུ་ཕྱིན་ཡོད”ཅེས་བཤད།
     “ད་རེས་ཡུལ་སྨད་ཤང་མཁོ་ཚོང་མཉམ་ལས་ཁང་བཙུགས་པ་དེ་ནི་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་གཞི་རིམ་མཉམ་ལས་ཁང་བཅུ་བསྐྲུན་རྒྱུའི་འཆར་འགོད་ཀྱི་གྲས་ཤིག་རེད། ང་ཚོས་མཁོ་ཚོང་མཉམ་ལས་ཁང་གི་གཞི་རིམ་རྩ་འཛུགས་དང་གཉེར་སྐྱོང་ཞབས་ཞུའི་དྲ་རྒྱ་བརྒྱུད། ཡུལ་སྨད་ཤང་སོགས་མཐའ་མཚམས་ས་ཁུལ་དུ་མཐའ་སྲུང་རྨང་བརྟན་བྱེད་མཁན་གྱི་མང་ཚོགས་ལ་འཚོ་བའི་དངོས་ཟོག་དེ་བས་ལེགས་པའི་འགན་ལེན་དང་དམངས་ལ་སྟབས་བདེ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་སྤྱི་ཁྱབ་མཉམ་ལས་ཁང་ལས་དོན་ལྟ་སྐུལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཐང་དབྱི་ཁྲེང་གིས་དེ་ལྟར་བཤད།
     ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ནང་། བོད་རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་ལྷོ་ཁ་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མཉམ་ལས་ཁང་བཞི་དང་དེ་བཞིན་རྫོང་རིམ་པའི་མཉམ་ལས་ཁང་16དང་གཞི་རིམ་མཉམ་ལས་ཁང་11བཙུགས་ཡོད་པ་རེད།