འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་31ཉིན།

༄༅།།བོད་ལྗོངས་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་དེ་ཡུལ་སྨད་ཤང་དུ་སྒོ་
བྱང་བཀལ་ནས་བཙུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་དེ་ཡུལ་སྨད་ཤང་དུ་སྒོ་
བྱང་བཀལ་ནས་བཙུགས་པ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་30ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་སྟེ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་སྒོ་བྱང་བཀལ་ནས་བཙུགས་པས།  དེས་བོད་ལྗོངས་ཀྱི་མཐའ་མཚམས་ས་ཁུལ་དུ་མཁོ་ཚོང་མཉམ་ལས་ཁང་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་དུས་རིམ་དུ་སླེབས་པ་མཚོན་ཡོད། 
    ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས་ངོ་སྤྲོད་བྱས་དོན། གསར་དུ་བཙུགས་པའི་ཡུལ་སྨད་ཤང་གི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་གིས་ཁོངས་མིའི་འཐུས་མི་ཚོགས་ཆེན་འཚོགས་ནས་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་པའི་ལྷན་ཚོགས་བདམས་ཐོན་བྱུང་བ་དང་། གཞི་རིམ་མཉམ་ལས་ཁང་གི་སྒྲིག་ཡིག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། 
    “སླད་ཕྱིན་ཤང་ནས་དངོས་ཟོག་ཉོ་སྒྲུབ་བྱེད་ཆོག་ཅིང་། དུས་ཚོད་ཉིན་མང་པོ་སྤྱད་ནས་གྲོང་ཁྱེར་དུ་ཚོང་ཟོག་འདྲེན་པར་འགྲོ་མི་དགོས་པས་སྟབས་བདེ་རུ་སོང་ཡོད།” ལོ་40ལ་སླེབས་པའི་ལྷ་སྐྱིད་པད་མ་ནི་ལོ་24ཡི་གོང་ཕ་མ་དང་མཉམ་དུ་ཡུལ་སྨད་ཤང་དུ་ཡོང་བས་ཡུལ་སྨད་ཤང་གི་འཕོ་འགྱུར་ཆེན་པོར་བདེན་དཔང་བྱས་ཡོད། ཇ་ཁང་གཉེར་མཁན་ཁོ་མོས་སྔོན་ཆད་ལ་བརྒྱབ་ནས་དངོས་ཟོག་ཉོ་དགོས་པས། དུས་ཚོད་དང་ནུས་ཤུགས་ཆེན་པོ་སྤྱད་དགོས་ཀྱི་ཡོད། “ད་ཆ་ལམ་བཟོས་པ་དང་། མཁོ་ཚོང་མཉམ་ལས་ཁང་ཡང་གཉེར་བས། སྔོན་ཆད་ཀྱི་འཚོ་བ་དང་བསྡུར་ན་སྐྱིད་པོ་འདུག
   “ད་ཐེངས་བཙུགས་པའི་ཡུལ་སྨད་ཤང་གི་མཁོ་ཚོང་མཉམ་ལས་ཁང་ནི་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་10འཛུགས་སྐྲུན་བྱེད་པའི་འཆར་གཞིའི་གྲས་ཤིག་ཡིན། ང་ཚོས་མཁོ་ཚོང་མཉམ་ལས་ཁང་གི་གཞི་རིམ་རྩ་འཛུགས་དང་གཉེར་སྐྱོང་ཞབས་ཞུའི་དྲ་བ་བརྒྱུད།  ཡུལ་སྨད་ཤང་སོགས་མཐའ་མཚམས་ས་ཁུལ་དུ་འཚོ་བ་སྐྱེལ་མཁན་མཐའ་སྲུང་མཐའ་བརྟན་མང་ཚོགས་ལ་འཚོ་བའི་དངོས་ཟོག་འགན་ལེན་དང་དམངས་ཕན་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ”ཅེས་ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཐང་དབྱི་ཁྲེང་གིས་བཤད།
    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་ནང་། སྒོ་བྱང་བཀལ་ནས་བཙུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཁོ་ཚོང་མཉམ་ལས་ཁང་ལྷོ་ཁ་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་སུ་ས་ཁུལ་དང་གྲོང་ཁྱེར་རིམ་པའི་མཁོ་ཚོང་མཉམ་ལས་ཁང་4 དང་དེ་མིན་ད་དུང་རྫོང་རིམ་པའི་མཁོ་ཚོང་མཉམ་ལས་ཁང་16དང་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་11ཡོད།
༄༅།།བོད་ལྗོངས་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་དེ་ཡུལ་སྨད་ཤང་དུ་སྒོ་
བྱང་བཀལ་ནས་བཙུགས་པ།
༄༅།།བོད་ལྗོངས་ཀྱི་མཐའ་མཚམས་ཀྱི་གཞི་རིམ་མཁོ་ཚོང་མཉམ་ལས་ཁང་ཐོག་མ་དེ་ཡུལ་སྨད་ཤང་དུ་སྒོ་
བྱང་བཀལ་ནས་བཙུགས་པ།